国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བེ་ཤའི་དྲི་ཞིམ་འཐུལ་བའི་མཛའ་གཞས་གྲོང་ཁུལ།

ལོ་ལྟར་སྤྱི་ཟླ7པ་ནས་9པའི་བར་ནི“ཤ་མོང་ནང་གི་རྒྱལ་པོ”ཞེས་མཚན་སྙན་ཡོད་པའི་བེ་ཤ་འདི་ཁྲོམ་ར་ཐོག་ཧ་ཅང་འབེལ་བའི་དུས་ཚིགས་ཡིན་པ་རེད། རང་ཁུལ་ནི་བེ་ཤ་ཐོན་ཁུལ་གཙོ་བོ་ཡིན་ཞིང་། ཆ་སྙོམས་ལོ་རེར་བེ་ཤ་ཐོན་ཚད་ཏུན2800ལ་ཟིན་པས་རྒྱལ་ཡོངས་ཀྱི་བེ་ཤ་ཐོན་ཚད་ཀྱི་བརྒྱ་ཆ60བཟུང་བ་རེད། ད་ལོར་ཆར་ཆུ་འབེལ་པོ་ཡོད་པས་རིམ་པ་མི་འདྲ་བའི་བེ་ཤ་བྲིན་ཁ་རྒྱུག་པོ་ཡོད། སྤྱི་ཟླ8ཚེས10ཉིན། དར་མདོ་གྲོང་ཁྱེར་རྫིང་བྲག་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་རའི་ནང་བེ་ཤ་ལ་སོགས་པའི་ཤ་མོ་ཉོ་ཚོང་བྲིན་པོ་བྱེད་བཞིན་འདུག འདི་ནི་ཧྲན་ཞི་ནས་ཡོང་བའི་ཡུལ་སྐོར་བ་ཚན་པ་ཞིག་གིས་རྫིང་བྲག་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་རའི་ནང་བེ་ཤ་བདམས་ཉོ་བྱེད་དུས་ཚོང་པས་སྤྲོ་སེམས་འཁོལ་བའི་ངང་ནས་བེ་ཤ་འདེམ་ཉོ་དང་ཟ་སྟངས་སོགས་ངོ་སྤྲོད་བྱེད་བཞིན་པའི་ཚུལ་རེད།