国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།།ཉེ་ཆར་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན་གྱིས་མིང་འདོགས་ཡིག་ཆ་པར་འགྲེམས་བྱས་ནས་རང་ཁུལ་གྱི་ལི་ཐང་རྫོང་དང་དཔལ་ཡུལ་རྫོང་། འབའ་ཐང་རྫོང་། ལྕགས་ཟམ་རྫོང་། རོང་བྲག་རྫོང་གི་ཉ་ག་ཡུལ་ཤོག བྲག་འགོ་རྫོང་གི་སིབ་མོ་ཡུལ་ཤོག འདབ་པ་རྫོང་གི་ཤམ་བྷ་ལ་གྲོང་རྡལ་བཅས་ལ“རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་རྡལ་དང་ཡུལ་ཤོག(རྫོང་གྲོང)”གི་མིང་རྟགས་དངོས་སུ་གནང་བ་རེད།

༄༅།། སྤྱི་ཟླ8པའི་ཚེས12ཉིན་ནས་ཚེས14ཉིན་བར། རང་ཁུལ་གྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆད་ལུས་དང་ཆད་གསབ་གཏིང་ཟབ་བྱས་པར་མ་ཟད། ད་དུང་སླད་ཕྱིན་གྱི་ལས་ཀ་བཀོད་སྒྲིག་བྱས་ནས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱས་པ་རེད།