ཁྱོད་གམ་ན་ཡོད་དུས།
ང་དལ་བྲེལ་སྤངས་ཡོད།
ང་ཉལ་ཁྲིར་ཙོག་ཡོད།
ཁྱོད་རྒྱང་ལ་ཆས་དུས།
ང་སེམས་པས་མ་བཞག
རྩོལ་བས་རྡར་གྱིན་ཡོད།
སུ་ལ་ཡོད་ཡོད་འདྲ་བའི་ཁྱོད།
སུས་ཀྱང་སྒེར་བདག་བྱེད་མི་ཐུབ།
ཁྱོད་ཡོད་ན།
མལ་གྱི་རྨི་ལམ་སྐྱིད་ལ།
འགྲོས་པའི་གོམ་ཁ་ལྷོད་པས།
ཁ་པར་ནས་བཞུར་སོང་བའི་ཁྱོད་ལ།
བཀྲེས་ལྟོགས་ཀྱི་སྨྱུག་ཁ་བསྣར་ཅིང་།
འོད་སྣང་གི་དཔེ་ཆ་བཟེད་ཀྱང་།
ད་སྔའི་འཆར་གཞི་ལག་ལེན་གྱིས་ཕུང་སོང་།
ཁྱོད།
ངའི་སྔས་མགོ་ནས།
གོ་ཁ་ནས།
མིག་སྔ་ནས་བོར་བཞག
ངའི་ཕངས་སྣང་གི་སེམས་པ་གཅོང་སོང་།
༼ ལུག་རྫི། ༽
