མི་དམངས་དྲ་བ་ནས་གནས་ཚུལ་བཀོད་པ་ལྟར་ན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཁུལ་ཁག་གིས་ཏོག་གསར་གློ་རིམས་དང་ཆུ་ལོག་གི་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ཏེ། ཚང་བཤེར་ཆད་གསབ་དང་དགོས་མཁོར་གཞིགས་ཏེ་རོགས་སྐྱོར་བྱས་ནས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་མུ་མཐུད་དེ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ངལ་རྩོལ་ནུས་ཤུགས་དབུལ་པོ་ཕྱིར་གླ་པར་བསྐྱོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཞིང་། འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་མགོ་ཡག་པོ་བཙུགས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་ལྟ་བཤེར་དང་ཡོངས་བཤེར་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་བཅས་རེད།
དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22ཀྱིས་མི་འབོར་དབུལ་པོ་ཁྲི478.55ལ་དབུལ་སྐྱོར་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱས་པའི་ནང་། ནགས་སྲུང་བ་ཁྲི122.38དང་། ལམ་སྐྱོང་བ་ཁྲི30.28 གད་པ་ཁྲི138.05 ཆུ་སྲུང་བ་ཁྲི16.81 ནད་སྐྱོང་བ་ཁྲི་5.66 གྲོང་དོན་དོ་དམ་པ་ཁྲི33.88 གཞན་དག་ཁྲི131.49བཅས་ཡོད་པ་རེད། འོད་ཤུགས་དབུལ་སྐྱོར་མ་དངུལ་གྱིས་སྤྱི་ཕན་ལས་གནས་ཁྲི124.46མཁོ་འདོན་བྱས་པ་དང་མི་འབོར་དབུལ་པོ་ཁྲི122.39ལས་ཀར་བསྡུས་ཡོད།
སྒོ་བྱང་བཀལ་ནས་ལྟ་སྐུལ་བྱེད་པའི་ཐད། སྒོ་བྱང་བཀལ་ནས་ལྟ་སྐུལ་བྱེད་མཁན་རྫོང52སུ་འདི་ལོར་ཕྱིར་གླ་པར་སྐྱོད་མཁན་ཁྲི285.23ལ་ཟིན་པ་དེ་ཧ་ལམ་ན་ནིང་ཕྱིར་གླ་པར་སྐྱོད་མཁན་མི་གྲངས་ཀྱི་བརྒྱ་ཆ112.09དང་མཚུངས་པ་དང་། དབུས་ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར11གིས་དམངས་གཉེར་ཁེ་ལས1325དང་སྤྱི་ཚོགས་རྩ་འཛུགས612སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་སྒོ་བྱང་བཀལ་ནས་གཡུལ་འགྱེད་ལ་ལྟ་སྐུལ་བྱེད་པའི་གྲོང་ཚོ1113དང་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། གྲོང་ཚོར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.4འབྱོར་ནས་མི་གྲངས2106ལས་ཞུགས་ཐུབ་པའི་རོགས་རམ་བྱས་པ་དང་། སྒོར་ཁྲི1543.56རི་བའི་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་དང་བྲིན་ཚོང་བྱེད་རོགས་བྱས་ཡོད།
དབུལ་སྐྱོར་ལས་གཞི་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས། དབུལ་སྐྱོར་འཁོར་ཁང་བཅས་ཀྱི་ལས་མགོ་ཚུགས་ཚུལ་ཐད། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22གྱིས་དབུལ་སྐྱོར་ལས་གཞི་ཁྲི44.12 བཀོད་སྒྲིག་བྱས་པ་དང་། ལས་གཞི་ཁྲི42.84ལས་མགོ་ཚུགས་ཏེ་ལས་མགོ་ཚུགས་ཚད་བརྒྱ་ཆ97.1ལ་ཟིན་ཡོད། དབུལ་སྐྱོར་སྣེ་འདྲེན་ཁེ་ལས29449ཡི་ལས་མགོ་བསྐྱར་འཛུགས་བྱེད་ཚད་བརྒྱ་ཆ98ལ་ཟིན་ནས་མི་འབོར་དབུལ་པོ་ཁྲི83.15ལས་ཀར་བསྡུས་ཡོད། དབུལ་སྐྱོར་འཁོར་ཁང30556གི་ལས་མགོ་བསྐྱར་འཛུགས་བྱེད་ཚད་བརྒྱ་ཆ99.6ལ་ཟིན་ནས་མི་འབོར་དབུལ་པོ་ཁྲི40.2ལས་ཀར་བསྡུས་ཡོད་པ་རེད།
འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ཐད། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22གྱིས་དབུལ་སྐྱོར་ཐོན་རྫས76152གཏན་འཁེལ་བྱས་ཏེ་ལོ་ཧྲིལ་པོར་ཚོང་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར8003.79ལ་ཟིན་པའི་ཚོང་ཟོག་མཁོ་འདོན་དང་སྒོར་དུང་ཕྱུར1027.01ལ་ཟིན་པའི་ཚོང་ཟོག་ཕྱིར་ཚོང་བྱས་པ་རེད། ཤར་རྒྱུད་ཀྱི་ཞིང་ཆེན9ཡི་འཛད་སྤྱོད་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར264.35ལ་ཟིན་ཡོད་པ་རེད།།
