ཉེ་ཆར། ཀུའེ་ཀྲུའུ་ཞིང་ཆེན་པེ་ཅེ་གྲོང་ཁྱེར་གྱི་ས་གནས་ཁག་གི་སི་པན་ལོ་ལེགས་བྱུང་བ་དང་། ཡུལ་པ་ཚོས་དུས་སྐབས་དམ་འཛིན་བྱས་ནས་སི་པན་འཐོག་པའི་ལས་ལ་བྲེལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ལ། པེ་ཅེ་གྲོང་ཁྱེར་གྱིས་ཞིང་པར་སྣེ་ཁྲིད་བྱས་ཏེ་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་འདེབས་འཛུགས་བྱེད་སྟངས་ལེགས་སྒྲིག་བྱས་པ་སྟེ། ཞིང་པས་རང་འཛུགས་དང་དེའི་ཐོག་སྤྱི་གཉེར་ཁང་དང་རྟེན་གཞི། ཞིང་དུད་བཅས་མཉམ་ལས་བྱེད་པའི་བྱེད་སྟངས་སྤྱད་དེ་ཁྱད་ཆོས་སི་པན་འདེབས་འཛུགས་བྱས་པར་བརྟེན། མང་ཚོགས་ལ་ཡོང་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་ཕྱེ་བ་རེད།། པར་འདི་ནི་སྤྱི་ཟླ8པའི་ཚེས17ཉིན། ཀུའེ་ཀྲུའུ་ཞིང་ཆེན་པེ་ཅེ་གྲོང་ཁྱེར་ཅིང་ཧའེ་མཚེའུ་གྲོང་གསར་ཁྲང་ཧྥེང་སྤྱི་ཁུལ་དུ་ཡུལ་པས་སི་པན་སྡུད་བཞིན་པའི་ཚུལ་རེད།
