国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ9པའི་ཚེས20ཉིན། ཀྲུང་གོ་ས་ཡོམ་ཅུས་ཏང་ཙུའི་ཁོངས་མི། ཅུས་ཀྲང་གཞོན་པ་དབྱིན་ཁྲའོ་མིང་དང་བཅས་པ་ཞིང་ཆེན་ས་ཡོམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཡུན་ཅིའུ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེང་ཐེན་ཆང་གིས་ཕེབས་རོགས་གནང་འོག རང་ཁུལ་གྱི་འཚུབ་བསྟུན་དོ་དམ་ཅུས་དང་འཚུབ་བསྟུན་བཀོད་འདོམས་ལྟེ་གནས། ས་ཡོམ་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ནས་འཚུབ་བསྟུན་བཀོད་འདོམས་མ་ལག་འཛུགས་སྐྲུན་དང་། ས་ཡོམ་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏང་རྒྱུ། འཚུབ་བསྟུན་གྲ་སྒྲིག་སོགས་ཀྱི་ལས་ཀར་བརྟག་ཞིབ་གནང་བ་རེད།།

༄༅།། 《སི་ཁྲོན་ཞིང་ཆེན་གྱི་ཐོན་སྐྱེད་ཉེན་མེད་སྐོར་ཞིབ་ལས་ཀའི་ལམ་ལུགས》ཀྱི་འབྲེལ་ཡོད་གཏན་འབེབས་དང་ཞིང་ཆེན་སྲིད་གཞུང་གི་ཉེན་མེད་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། སྤྱི་ཟླ9པའི་ཚེས21ནས25ཉིན་བར། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ཉེན་མེད་ལས་ཀའི་སྐོར་ཞིབ་ཚོ་ཆུང་ཉི་ཤུ་པ་རང་ཁུལ་དུ་བཅའ་སྡོད་བྱས་ནས་དུས་ཡུན་ཉིན5ཡི་ཐོན་སྐྱེད་ཉེན་མེད་སྐོར་ཞིབ་བྱས་པ་རེད། ཚེས22ཉིན་ཞིང་ཆེན་ཉེན་མེད་ཨུ་ལྷན་གྱི2020ལོའི་ཐོན་སྐྱེད་ཉེན་མེད་སྐོར་ཞིབ་ཚོ་ཆུང་ཉི་ཤུ་པས་རང་ཁུལ་གྱི་ལས་ཀར་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ་རེད།།