国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཟླ9པའི་ཚེས21ཉིན་གྱི་སྔ་དྲོར། ཁུལ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་དང་ཁུལ་བསྡོམས་རྩིས་ཅུས། དཀར་མཛེས་བརྟག་དཔྱད་རུ་ཁག དར་མདོ་གྲོང་ཁྱེར་བསྡོམས་རྩིས་ཅུས་བཅས་ཀྱིས་མཉམ་དུ་གཉེར་བའི་“ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོ”སྐབས་བཅུ་གཅིག་པ་དང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་བྱེད་སྒོ་དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ཐང་ཆེན་དུ་སྤེལ་མགོ་ཚུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ11པའི་ཚེས1ཉིན་ནས་ཟླ12པའི་ཚེས10ཉིན་གྱི་བར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དུད་ཚང་ཐོ་འགོད་བྱ་རྒྱུ་རེད། ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཞིབ་བཤེར་པས་གློག་རྡུལ་འཚོལ་བསྡུ་སྒྲིག་ཆས་སྤྱད་དེ་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཆ་འཕྲིན་ཐོ་འགོད་དང་དྲྭ་སྦྲེལ་བྱས་ནས་དུས་ཐོག་ཏུ་གོང་ཞུ་བྱ་རྒྱུ་རེད། དེ་ནི་རང་རྒྱལ་གྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་འཚོལ་བསྡུ་བྱེད་སྟངས་ཀྱི་གསར་བཅོས་གལ་ཆེན་ཞིག་རེད།།

འདི་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་རེད།