国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་ཡི་ནམ་མཁའ་སྐྱོ་སྐྱོའི་ཡོལ་བས་སྒྲིབ།

ང་ནི་བདེ་འགྲོའི་མི།།

ལོངས་ལ་ཧམ་ཆེ་བས།།

སྲེད་པའི་མཆུ་འདབ་ཀྱིས།།

འདོད་རྒུ་ལེན་འདོད་ངང་།།

བདེ་སྡུག་ལྕི་ཡང་གིས།།

ང་ཡི་ནམ་མཁའི་གདོང་།།

སྐྱོ་སྐྱོའི་ཡོལ་བས་སྒྲིབ།།

སྐྱིད་སྣེ་ཕྱི་ལ་བྲོས།།

གདུང་བས་ནང་ནས་བརྙས།།

ང་ནི་རྐང་གཉིས་མི།།

འཁོར་བའི་གྲོང་མཐའ་ན།།

སྡུག་བསྔལ་འཁྱུག་པའི་གནས།།

སྐྱིད་ཉིའི་སྐལ་ཆད་པའི།།

སྲིབ་ལུང་པང་ཁུག་ནས།།

ད་ཡོད་ཡབ་ཡུམ་གྱིས།།

ཐུགས་རྗེས་ཟིན་པའི་བུ།།

ཕྱིས་འབྱུང་བུ་ཕྲུག་ལ།།

ལྟོ་གོས་སྩོལ་བའི་ཕ།།

༼ ལུག་རྫི། ༽