国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལིའུ་ཁྲེང་མིང་གིས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་བརྟག་དཔྱད་ ཞིབ་འཇུག་གནང་སྐབས་

ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་འཛིན་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་ཞེས་གསུངས།

ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཙོ་གནད་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། ཐུན་མོང་གི་ངོས་འཛིན་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་སྒྲིལ་བྱེད་པ། གླེང་མང་བའི་གནད་དོན་དང་དཀའ་གནད་འགག་སྒྲོལ་ལ་དམིགས་ནས་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་རྣམ་པ་ཧུར་ཐག་གིས་བསྐྲུན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཆབ་སྲིད་བརྟན་པོ། སྤྱི་ཚོགས་ཞི་མཐུན། དམངས་འཚོ་ལེགས་གཏོང་བཅས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་དང་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་བཅས་བརྟག་ཞིབ་ནང་ཞུགས་པ་རེད།

(པར་ངོས་བཞི་པར་གཟིགས།)