国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་།

རང་ཁུལ་གྱིས་བདེ་སྐྱོང་དང་གྲོང་ཁྱེར﹙ཁུལ﹚ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་སྐྲུན་པའི་ལས་ཀའི་ཤར་རྒྱུད་སྡེ་ཁུལ་གྱི་སྐུལ་འདེད་ཚོགས་འདུ་འཚོགས།

སྤྱི་ཟླ10པའི་ཚེས16ཉིན། ཁུལ་ཡོངས་ཀྱི་བདེ་སྐྱོང་དང་གྲོང་ཁྱེར﹙ཁུལ﹚ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་སྐྲུན་པའི་ལས་ཀའི་ཤར་རྒྱུད་སྡེ་ཁུལ་གྱི་སྐུལ་འདེད་ཚོགས་འདུ་ལྕགས་ཟམ་རྫོང་དུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཧུང་པའོ་རྟོག་ཞིབ་ནང་ཞུགས་པར་མ་ཟད་ཚོགས་འདུར་ཞུགས་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། རོང་བྲག་རྫོང་། བརྒྱད་ཟིལ་རྫོང་། རྟའུ་རྫོང་བཅས་ཀྱིས་དུས་མགོའི་ལས་ཀ་སྤེལ་ཚུལ་སྙན་སེང་ཞུས་པ་དང་ཕྱིན་ཆད་ལས་ཀའི་ཐད་དམིགས་སའི་རང་བཞིན་གྱི་བྱ་ཐབས་བཏོན་པ་དང་། ཁུལ་དམངས་སྲིད་ཅུས་དང་ཁུལ་ཁྲིམས་འཛིན་ཅུས་ཀྱིས་ཤར་རྒྱུད་གྲོང་ཁྱེར﹙ཁུལ﹚ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ལས་ཀར་སྐུལ་འདེད་གཏོང་རིང་མི་འདང་ས་ཁག་སོ་སོར་དབྱེ་ཞིབ་བྱས་པར་མ་ཟད། སྐུལ་འདེད་བྱ་ཐབས་བཏོན་པ་རེད།

ཧྥེང་ཧྥ་ཀུའེ་ཡིས་རྫོང﹙གྲོང་ཁྱེར﹚ཁག་གི་བསམ་བློའི་ཐོག་མཐོང་ཆེན་ཆེན་པོ་བྱ་དགོས་པ་དང་མགོ་ཁྲིད་གཙོ་བོས་དམ་འཛིན། ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་གཏིང་ཟབ་དམ་འཛིན་དང་ཞིབ་ཕྲ་བྱ་དགོས་ཤིང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དཀའ་གནད་དང་མི་འདང་སར་དམིགས་ནས་དཀའ་གནད་སེལ་བའི་ཐབས་ཇུས་དང་གནད་ལ་འཁེལ་བའི་བྱ་ཐབས་འཚོལ་དགོས། ལས་ཀའི་ཐད་སྤྱི་འདོམས་ལ་ཤུགས་རྒྱག་པ་དང་ལྟ་སྐུལ་མཛུབ་ཁྲིད་ཐད་རིགས་དབྱེ་བྱ་རྒྱུར་མཐོང་ཆེན་བྱ་དགོས། ཕན་འབྲས་ཐད་ཚད་གཞི་དང་རེའུ་མིག་ལ་བསྡུར་ནས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། ཡུན་རིང་བདེ་འགོད་ཡོང་བར་བྱ་ཆེད་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།

﹙བདེ་སྐྱིད་ཀྱིས་བསྒྱུར།﹚