国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགུན་ཁ་ཧྲིལ་བོ།

ཁང་སྐྱིབས་ཀྱི་བར་གསེང་ནས་

ནག་ཉེས་ཀྱི་དངན་པ་རིང་མོ་ཞིག་

རྟེན་འབྱུང་གི་རྡུལ་ཕྲན་མང་པོའི་ཁྲོད་ནས་ག་

ལེར་འཛུམ་བྱུང་།

དགུན་ཁ་ཧྲིལ་བོ་འདི།

སྐར་ཕྲན་གྲངས་མེད་ཅིག་གི་གསེང་ནས་

སྐར་ཕྲན་གཅིག་མངོན་པ་དང་འདྲ།

མངོན་གྱུར་གྱི་དུས་ཚོད་ཅིག་སྒུག་རག་བར་དུ་

བཟོད་སྲན་ཡང་ཡང་བྱས་མོད།

མཉམ་ཐག་པའི་རེ་ཐག་ཅིག་གི་རྗེས་སུ་

སྐད་ཆ་མང་པོ་ཞིག་གི་ལྐོག་གྱུར་ཁྲོད་ན་གནས།

རྟོག་བཏགས་ཀྱིས་སྐྲུན་པའི་མགོ་འཕང་འདི།

མཐོ་ནས་མཐོ་རུ་སྒྲེང་མོད།

གནད་འགག་གི་དུས་སྐབས་ཁྲོད་དུ།

གཉོམ་ཆུང་བའི་ལག་པ་འདི་འང་།

འཁྱར་འཁྱོར་དུ་གྱུར།

༼ ལྷ་གསར་བ། ༽