国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞའོ་ཡིའུ་ཚའེ་ཡིས་ཁུལ་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས43དང44པ་གཙོ་སྐྱོང་གནང་ནས།

ཐབས་ཇུས་གནད་སྨིན་རྒྱུན་འཁྱོངས་བྱས་ནས་མཇུག་འབྲས་ཐོན་པ་དང་འགོག་ཟོན་གྱི་འགན་འཁྲི་ཏན་འཁུར་བྱས་ནས་རིམས་བབ་མཐའ་གཅིག་ཏུ་འགོག་སྲུང་བྱ་དགོས་གསུངས།

སྤྱི་ཟླ་དང་པོའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་དཔོན། ཁུལ་ཏོག་གསར་གློ་ཚད་རིམས་བབ་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ཡི་མགོ་འཛིན་པ་ཞའོ་ཡིའུ་ཚའེ་ཡིས་གཙོ་སྐྱོང་གནང་ནས་ཁུལ་ཏོག་གསར་གློ་ཚད་རིམས་བབ་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས43དང་ཐེངས44པ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་རིམས་བབ་འགོག་ཟོན་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཉེ་ཆར་རྒྱལ་ཁབ་དང་ཞིང་ཆེན་གྱི་ཡིག་ཆ་གལ་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། རང་ཁུལ་གྱི་ཞིང་སྡེ་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་བབ་འགོག་ཟོན་སོགས་ཀྱི་ལས་ཀའི་ཇུས་གཞིར་གྲོས་ཞིབ་བྱས་པ་དང་། ཉེ་དུས་དང་ལྷག་པར་དུ་ལུགས་རྙིང་ལོ་སར་དང་བོད་ལོ་སར་སྐབས་སུ་རིམས་བབ་འགོག་ཟོན་ལས་ཀར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་ནན་གསུང་། ཡང་བསྐྱར་ལྟ་སྐུལ། ཡང་བསྐྱར་དོན་འཁྱོལ་བྱས་ནས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་རེད།

ཞའོ་ཡིའུ་ཚའེ་ཡིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོར་གཏོང་བ་དང་བསམ་བློའི་གནད་འགག་དམ་འཛིན་ཡག་པོ་བྱས་ནས་རིམས་བབ་འགོག་ཟོན་གྱི་ལས་ཀ་མཐའ་གཅིག་ཏུ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་བྱ་དགོས། ངེས་པར་དུ་རིམས་བབ་འགོག་ཟོན་ལས་ཀར་སྔར་ལས་ཤུགས་སྣོན་པ་དང་། ངེས་པར་དུ་འབྲེལ་གཏུག་མཐུན་སྦྱོར་ལ་སྔར་ལས་ཤུགས་བརྒྱག་དགོས། ངེས་པར་དུ་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྔར་ལས་ནན་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཞའོ་ཡིའུ་ཚའེ་ཡིས་འགོག་ཟོན་གྱི་འགན་འཁྲི་སླར་ཡང་ནན་པོ་བྱ་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིམས་བབ་འགོག་ཟོན་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ལ་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། མི་འདང་སར་ཆད་གསབ་དང་སྐྱོན་ཆ་འགོག་པ་བཅས་གང་མགྱོགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བ་དང་ལུས་པོའི་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱ་དགོས། དུས་མཚུངས་སུ་རིམས་བབ་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱི་དམ་འཛིན་ཡག་པོ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པ་དང་། གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུར་སླར་ཡང་ནན་པོ་བྱས་ཤིང་། རིམ་པ་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་ཞིང་འབྲོག་ཁུལ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མཉམ་བཅོས་དང་མཉམ་འགོག མཉམ་དམ་གྱི་འགོག་སྲུང་འཛིང་རགས་ནན་པོ་ཞིག་ཏན་ཏིག་བསྐྲུན་དགོས། ལྟ་ཞིབ་གནད་དོན་ནན་པོ་བྱ་དགོས་གནད་དོན་དང་མི་འདང་ས། སྐྱོན་ཆ་བཅས་ཀྱི་བཀག་འགོག་བྱེད་པར་ངེས་པར་དུ་དུས་ཐོག་ཏུ་ལྟ་སྐུལ་བཅོས་སྒྲིག་གནད་ལ་འཁེལ་དགོས། འགོག་ཟོན་ནུས་ལྡན་མ་བྱས་པ་དང་འགན་ཤོར་ལས་འཛོལ་བྱེད་མཁན་ལ་ངེས་པར་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་དང་། རྩད་གཅོད་ནན་པོ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མ་རུང་བ་དང་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་ཞེས་བླང་བྱ་བཏོན་པ་རེད།། ﹙བདེ་སྐྱིད་ཀྱིས་བསྒྱུར།﹚