国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






​ཐ་མག་བརྔུབས་པ།

ངས་དང་ཐོག་ལྦུ་ཆང་འཐུང་བ་ཡིན།

ལྦུ་ཆང་ལས་ཀྱང་བཟོད་དཀའ་བ་རྣམས།

ཐ་མག་ཤུགས་ཀྱིས་བརྔུབས་པ་ཡིན།

ད་ལྟ། ངའི་གློ་བ་དཀར་མིན་སུས་ཤེས།

ཕལ་ཆེར། དོན་ལྔ་སྣོད་དྲུག་སྦགས་ཤིང་བཙོག་སྲིད།

ཐ་མག་བརྔུབས་པ་ནི།

བསམ་གཞིག་དང་འཐབ་པ་ཡིན།

རང་ཉིད་ལ་བདག་བཟུང་བྱས་པ་ཙམ་ཡིན།

ངས་ད་ལྟ་ཐ་མག་རྔུབ་བཞིན་ཡོད།

བདེ་བ་ཡོད་ཚད་ལ་འདོད་པའི་གཉུག་གཤིས་དང་།

འོད་སྣང་མེད་པའི་ཁང་མིག་དེའི་དོན།

སྒོ་ཕྱེ་ན་རླུང་བུ་འཛུལ་སྲིད། རླུང་བུས་ཁྲིད་འགྲོ་བ་ནི།

ངའི་མཐའ་མཇུག་གི་བརྩེ་འདང་རེད།

ངས་ཐ་མག་བརྔུབས་ཐེངས་རེར།

འཆར་ཡན་དང་སྒྲོ་བཏགས་ལ་དགའ།

བུད་མེད་ཀྱི་ལུས་སུ་འཁྱུད་པའི།

རྒྱལ་སྲས་ཀྱི་ཀེང་རུས་དང་།

རྟ་ཕོ་རྣམས་ལ་ནུབ་ཏུ་མེད་པའི་མིག་ཟུང་བཞད་ཅིང་།

གོ་མཚོན་རྣམས་མཚོ་ལྟར་གཡོ།

ཀི་སྒྲ་རིང་པོས་རྣ་བ་ཡང་དུ་བཀྲུས།

“མགོ་འཕང་མཐོ་དགོས།

མགོ་འཕང་མཐོ་དགོས།”

སྙིང་དང་མགོ་མེད་པའི།

རྣམ་ཤེས་དང་རེག་བྱ་མེད་པའི།

ཐ་མག་ལས་ཁྲག་འཁྲུངས་བྱུང་།

རྒྱལ་སྲས་གསོན་པའི་ཁྲག བུད་མེད་འཆི་བའི་ཁྲག

ངས་ཐ་མག་བརྔུབས་དུས།

འཇིག་རྟེན་མུན་ནག་ཏུ་གྱུར།

འོ། མ་རེད། མིག་ཟུང་ལོང་བས་རེད།

མཐའ་མེད་པའི་མཐར།

འདོད་པ་དང་མཚན་ཉིད་ཀྱི་ཨི་ཁུང་བརྟོལ་བས་རེད།

སེམས་ཀྱི་སྐྲ་ལོ་བསེད་དུས།

ཤིག་ཀྱི་བྲེད་དངངས་ལས།

དུ་བ་བན་བུན་དབུགས་རྒྱུར་འགག

ནམ་འཕང་གཅོད་མཁན། རུས་པ་མེད་པ་དེའོ།།

༼ གངས་འཁྱམ་གསར་བུ། ༽