国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྒེའུ་ཁུང་གི་འགྲམ་ ནས་ཨ་མ་སྒུག་པ།

སྔོན་ཆད།

ཨ་མས་སྒེའུ་ཁུང་ཕྱི་རོལ་དུ་བལྟས་ན།

འཇིག་རྟེན་གྱི་ཡོད་ཚད་གསལ་བོར་མཐོང་ཐུབ་ཟེར་མྱོང་།

སྐབས་ཤིག་ཏུ།

ང་ཡིས། སྐེ་དང་ལག་པ་རིང་དུ་བསྲིངས་ཏེ།

སྒེའུ་ཁུང་ཕྱི་རུ་ཡང་ཡང་བལྟས་མོད།

ཨ་མ་ཡོང་གིན་མི་འདུག

ཐ་ན་ཨ་མའི་གླུ་སྐད་ཙམ་ཡང་་་་་་

ཨ་མས་རྫུན་བཤད་ཀྱིན་ཡོད་དམ།

དགང་རྒྱུ་མེད་པའི་འཚོ་བའི་བྲེལ་ཟིང་ཁྲོད་དུ།

ཨ་མའི་ལག་ཟུང་ལ་སེར་ཁ་ག་ཙམ་ཤོར་ཡོད་ཨང་།

ཨ་མ་ལགས། ངས་ཁྱོད་རང་ཡོང་བར་

སེམས་གཏིང་ནས་སྒུག་ཡོད།

༼ ཞོ་ར་བསམ་འགྲུབ་རྒྱལ།༽