དཔྱིད་ཟླ་གསུམ་པ་ཚེས་པ་ན།དགུན་གསུམ་གཉིད་དུ་ཡུར་བའི་འཛིན་མའི་ཁྱོན་ན་རྩྭ་རྩི་ཤིང་གི་ལྗང་ལོ་གསར་དུ་འབུས་ཤིང་། ས་གཞི་ཀུན་ཏུ་དྲོད་རླུང་ལྡང་ནས་པད་ཁ་དང་ཁམ་བུའི་མེ་ཏོག་སོགས་གང་སར་བཞད་ནས་མི་རྣམས་ལ་བདེ་དགའི་དཔལ་གྱིས་ཕྱུག་པའི་སྣང་བ་སྟེར།འདི་ནི་རང་ཁུལ་གྱི་ལྕགས་ཟམ་རྫོང་མཚོ་གཉིས་ལུང་པ་ན་བཞད་པའི་ཁམ་བུའི་མེ་ཏོག་རེད།།
(མཁས་གྲུབ་ཀྱིས་པར་བླངས།)
