国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགོང་སྲོད་ཀྱི་ སྣང་བ།

མཚན་མོར་སྐར་ཚོགས་ཀྱི་ཁ་དོག་ཁྲ་ཁྲ་གྱུར་བའི་ཁྲོད་དུ།

ང་རང་ཧ་ཅང་ལྷིང་འཇགས་ཀྱི་འགྲམ་ངོགས་སུ་གནས་ནས།

ཅི་ཞིག་འབྲི་འདོད་ཀྱི་ཚོར་བ་རྣོན་པོ་ཞིག་གིས།

རང་སེམས་ཀྱང་བཙན་ཁྲིད་བྱེད་འགྲོ་བའི་སྣང་བ་བྱུང་།

དགོང་སྲོད་ཀྱི་གློག་སྒྲོན་འདྲ་མིན་བར་ནས།

མི་ཚོགས་ཀྱིས་འགྲོ་འདུག་རེས་མོ་བྱས་ཏེ་ཡང་ཡང་འཁོར་སྐབས།

ལས་ཀྱི་ལམ་འཕྲང་གི་དཀྱོག་མཚམས་ལ་སུའང་ངེས་པ་མེད་ཀྱང་།

ནང་སེམས་ཀྱི་མེ་ལོང་དྭངས་མོའི་ངོས་སུ།

ལན་ཆགས་ཀྱིས་གནང་བའི་ཚུལ་འཆོས་ཀྱི་ངོ་གདོང་མི་གསལ།

འཆར་ཡན་དང་བསམ་གཞིག་སྣ་ཚོགས་ཀྱི་ཁྲོད་དུ།

སང་ཉིན་ཟེར་བ་འཚོ་བ་མག་མོག་ཞིག་གི་མདུན་བསུས་ནས།

སྲོད་ཀྱི་མཚམས་སྤྲིན་རྒྱང་རིང་དུ་བཞུད་པ་དང་འདྲ་བར།

མི་ཚེའི་རོལ་དབྱངས་དང་ལས་དབང་གི་སྨོན་ལམ་ཡོད་ཚད།

མཐའ་ནས་མཐའ་རུ་དབྱིངས་སུ་འཐིམ་སོང་།

༼ མཱ་ལ་ཏི། ༽