国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཏུན་ཁུང་ཆུ་མིག།

ལྷ་སའི་གཙུག་ལག་ཁང་གི་ས་བཞིར་ཁྲོན་པ་བཞི་ཡོད་ལུགས་བརྗོད་སྲོལ་ཡོད་པའི་ཡ་གྱལ་གཏུང་ཁུང་ཆུ་མིག་ནི་ལྷ་སའི་གཙུག་ལག་ཁང་གི་ཡོན་ཆབ་ལེན་ས་ཡིན་སྟབས་ཤོ་བཤད་ནའང་ལའང་གཏུང་ཁུང་ཆུ་མིག་ནས་ཆུ་ཞིག་བླངས། ལྷ་སའི་ཇོ་བོར་ཡོན་ཆབ་ཕུལ་ཞེས་བརྗོད་སྲོལ་ཡོད། དེ་སྔ་ལྷ་སའི་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་སྐབས་བཞེས་ཐུག་གི་ཆུ་གཏུང་ཁུང་ཆུ་མིག་ནས་ལེན་གྱི་ཡོད། དེང་སྐབས་ཁྲོན་པ་དེའི་རྒྱུད་དུ་སྡོད་མཁན་གྱིས་ཁྲོན་པ་དེར་གཙང་སྦྲ་ལེགས་པོ་ཡོང་ཕྱིར་རྫ་གོ་སེར་རྩིའི་རྒྱ་ཕིབས་དབྱིབས་ཀྱི་ཐོག་ལྡན་ཀ་ཕིབས་དང་། རྒྱ་རྡོའི་སྒྲོམ་སྐྱོར་སོགས་ཚར་དུ་དངར་བ་བཟོས་འདུག། དེ་བཞིན་གཙུག་ཁང་གང་གི་ནུབ་ཏུ་ཡོད་པའི་རྡོ་སྒོར་སྒོར་གྱི་ཁྲོན་པའི་ཤུལ་དུའང་རྡོ་སྐྱོར་བསྐངས་ནས་བདག་གཅེས་གང་ལེགས་བྱས་ཏེ་ད་ལྟ་མཐོང་རྒྱུ་ཡོད།

༼ དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས།༽