国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྲོ་མ་ཡིད་འཛིན་ལྷ་མོ།

ཁ་འབྲས་ཡག་ཡག།

བྱུར་དམར་འདྲ་འདྲ།

སྡེ་བའི་རྒྱན་ཡིན།

བྱུ་རུའི་ཕྲ་ཡིན།

མིག་གི་ལྟ་ཕྱོགས་བསྒྱུར་བའི་

ཁ་ལོ་ཁྱོད་ཡིན།

ཡིད་ཀྱི་དྲན་པ་ཁྱེར་བའི་རྐུན་པོ་ཁྱོད་ཡིན།

ལང་ཚོ་མཛེས་མཛེས།

རྨ་བྱ་འདྲ་འདྲ།

བྲོ་རའི་རྒྱན་ཡིན།

རྨ་བྱའི་མདོངས་ཡིན།

གསོན་ན་རྒྱ་སེའི་མེ་ཏོག་ཕུལ་ས་ཁྱོད་ཡིན།

ཤི་ན་ཞེན་ཆགས་རྣམ་ཤེས་

འཁོར་ས་ཁྱོད་ཡིན།

སྐད་ངག་སྙན་སྙན།

ཁུ་བྱུག་འདྲ་འདྲ།

ཁྲོམ་པའི་རྒྱན་ཡིན།

ཁུ་ལོའི་གདངས་ཡིན།

ཡིད་ལ་དྲོད་པའི་མེ་

དཔུང་ཁྱོད་ཡིན།

བརྗེད་མེད་སེམས་ལ་བྲིས་པའི་

ཡིག་ཆུང་ཁྱོད་ཡིན།

༼ ལུག་རྒྱལ་སྲས། ༽