国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྱེ་དབྱངས་མ།

རི་དྭགས་ཚལ་དུ་རི་དྭགས་མིག།

སྐྱོ་བ་སངས་ཕྱིར་ཡུལ་ལྗོངས་སུ།།

མཚན་མོའི་དུས་སུ་སྐྱོམ་པ་མོ།།

ཀྱེ་མ་དབྱངས་མ་གླང་ཆེན་འགྲོས།།

ཆུ་རུ་ཞུགས་སམ་བདག་གིས་དྲི།།

པདྨའི་ཆར་ནི་བདག་ཉིད་ཀྱི།།

ལག་པའི་སོར་མོས་གཏོར་བར་བྱེད།།

དྲི་འཛིན་གོང་བུར་ཙན་དན་དྲི།།

ཚན་ཚན་གཏོང་བ་བདག་ཡིད་མྱོས།།

ཨ་ལ་ལ།

འཁྲི་ཤིང་འཁྲིས་སུ་བདག་ཉིད་ཀྱི།།

རྡོ་ཡི་མདོག་ལྡན་སྤྱིལ་བུ་རུ།།

ཁྱོད་གདོང་པིར་རྩེར་རྗེས་ཆགས་ཀྱི།།

ཆུ་ཡི་གདན་དུ་ཆུ་བྱང་གི།

རྨ་བྱ་ཅན་གྱི་དར་ཡུག་སྟེང་།།

གདོང་ནི་སྟོན་སྤྲིན་མདངས་ལྡན་མ།།

ཡུན་དུ་མ་གཡོ་གངས་རི་བཞིན།།

༼ ཐོར་བུ།༽