国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆུ་ཀུབ་ལས་ཀྱང་མངར་བ་དང་བཙོས་མི་དགོས་ནས་བཟས་ཆོག་པའི་འོ་མའི་ཤིང་འབྲས་མ་རྨོས་ལོ་ཏོག་དེ་འབའ་ཐང་རྫོང་དུ་ཚོད་ལྟ་འདེབས་འཛུགས་ལེགས་གྲུབ་བྱུང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་སྤྱི་ཟླ4པར་ཧྥ་གོ་ནས་ནང་འདྲེན་བྱས་པའི་འོ་མའི་ཤིང་འབྲས་མ་རྨོང་ལོ་ཏོག་དེ་འབའ་ཐང་རྫོང་གི་སོ་བ་ནང་ཡུལ་ཤོག་སྒང་པ་གྲོང་སྡེ་དང་བྱ་ཁྱུང་གྲོང་རྡལ་གྱི་ཞིང་ཁའི་སྐོར་ལམ་འགྲམ་གྱི་ཞིང་ནང་ཚོད་ལྟ་འདེབས་འཛུགས་བྱས་པ་རེད། འདི་ནི་སྤྱི་ཟླ8པའི་ཚེས12ཉིན་ཞིང་ལས་ལག་རྩལ་པ་བཀྲ་ཤིས་ཉི་མས་འོ་མའི་ཤིང་འབྲས་མ་རྨོས་ལོ་ཏོག་སྨིན་ནས་འཐོག་བཞིན་པའི་ཚུལ་རེད།