国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱེ་བ་རྗེས་མ།

སྙིང་ཉེ་བའི་མི་ལགས།

རྒྱུས་མེད་ཀྱི་ཁོར་ཡུག་ཅིག་ནས།

རྒྱུས་མེད་ཀྱི་འུ་གཉིས་རྒྱུས་ཡོད་དུ་གྱུར་པ་འདི།

ལས་དབང་གིས་བཀོད་སྒྲིག་ཅིག་ཅི་ལ་མིན།

འུ་གཉིས་རྒྱུས་ཡོད་ནས་རྒྱུས་མེད་དུ་

གྱུར་ཚུལ་འདིའང་།

ལས་དབང་གིས་བཀོད་སྒྲིག་ཅིག་ཡིན་ཏེ།

ལས་དབང་ལ་བཀྲུ་རྒྱུ་མེད་པ་དང་།

བཀྲུས་ན་འདག་ཐབས་མེད་པ་ནི་

ལས་དབང་གི་གཤིས་ཀ་རེད།

སྐྱེ་བ་ད་རེས།

ངས་ཁྱོད་ལ་ནམ་མཁའ་སྟོང་པ་ཞིག་

ལས་སྟེར་རྒྱུ་མ་བྱུང་།

ནམ་མཁའ་སྟོང་པ་འདིའི་ནང་དུ།

ཁྱོད་ཀྱི་སེམས་པའི་རྒྱ་ཁྱོན་ཤོང་ཐུབ།

ཁྱོད་ཀྱི་ཚིག་གི་ཕུང་པོ་ཤོང་ཐུབ།

ཁྱོད་ཀྱི་མགོ་སྐྲ་ལོ་ནས་རྐང་སེན་མོ་ཡན་ཆོད་ཤོང་ཐུབ།

ཤོང་ཐུབ་པའི་ནམ་མཁའ་འདི་ཡིད་

དུ་འོང་པ་ཞིག་མ་རེད།

སྐྱེ་བ་རྗེས་མར།

ནམ་མཁའ་སྐར་ཚོགས་ཀྱིས་གཏམས་པ་ཞིག།

ཡང་ན་ཉི་མ་དང་ཟླ་བས་སྤྲས་པ་ཞིག།

ཁྱོད་ཀྱི་མགོ་ཀླད་དུ་བཏེགས་པའི་

ནམ་མཁའ་དེ་མིན་པར།

ངས་ཁྱོད་ལ་ནམ་མཁའ་གཞན་ཞིག་གྲ་སྒྲིག་བྱེད།

དེ་དུས་ཁྱོད་ཅི་འདོད་དུ་འཕུར་ཆོག་ལ།

གང་འདོད་དུའང་བོར་ཆོག།