国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་ཟླ།

དབྱར་ཟླ་ཚེས་དུས།

ནང་སེམས་ཀྱི་མེ་ལོང་ལ།

བྱི་དོར་ཐེངས་གཅིག་བྱས་པ་དང་མཚུངས།

ཁ་དོག་མི་གཅིག་པའི་མེ་ཏོག་དེ་དག།

སྐད་ཅིག་གིས་སྐྱེ་ཞིང་།

སྐད་ཅིག་གིས་འཆི་ཚུལ་འདི་ནི།

ཉི་ཚེ་བའི་མི་རྟག་པ་དྲན་སྟངས་ཤིག་རེད།

དབྱར་ཟླ་ནི།

ཕྱི་རོལ་གྱི་ཆར་ཐིགས་རེ་གཉིས་དང་།

མེ་ཏོག་ཁ་ཤས་ཀྱིས་འགྲེལ་བཤད་མི་ནུས།

འབུ་བོང་བས་གླུ་དབྱངས་ལེན་པ་དང་།

ཤིང་ཤུག་པས་མགོ་ལྕོགས་ལྡེམ་ཙམ་གྱིས་མཚོན་མི་ནུས།

འགྲོ་བ་མིའི་ནང་སེམས་ཀྱི་ཁ་དོག་ཡན་ཆོད།

དབྱར་ཟླ་ར་བའི་ཉིན་ཞག་དང་འབྲེལ་བ་ཡོད།

དབྱར་ཟླ་ར་བའི་མཛེས་སྡུག་ནི་སྐད་ཅིག་ཙམ་ཡིན་ནའང་།

དབྱར་ཟླ་དང་འབྲེལ་འདྲིས་ཀྱི་བརྩེ་བ་ནི།

གོམ་པ་གང་སྤོས་མཚམས་སུ་དྲན་ཡོང་བ་ཞིག་རེད།

དེ་ནི་རང་བྱུང་སྐྱེ་དངོས་ཀྱིས་འགྲོ་བ་མི་ལ་བསྟབས་པའི་

ཟོལ་མེད་ཀྱི་ལེགས་སྐྱེས་ཤིག་ཅི་ལ་མིན།