国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཁུལ་ཨུའི་ཞིང་སྡེ་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

སྤྱི་ཟླ9པའི་ཚེས22ཉིན། ཁུལ་ཨུའི་ཞིང་སྡེ་ལས་དོན་མགོ་ཁྲིད་ཚོགས་ཆུང་གི2021ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཞིང་སྡེ་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་མགོ་གཙོ་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གནང་བ་རེད།

ཧྲེན་དབྱང་གིས་“ཞིང་སྡེའི་ལས་དོན་གསུམ”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་ཞིང་སྡེ་དང་ཞིང་ལས་སྔོན་དུ་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་གི་ཁུལ་ཡོངས་ཀྱི“ཞིང་སྡེའི་ལས་དོན་གསུམ”ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། དོན་དངོས་ལ་དམ་པོར་དམིགས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་ཞིང་། ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་ཡུལ་སྡེ་སྡོད་རྒྱུར་འཚམ་པ་དང་བྱ་གཞག་གཉེར་རྒྱུར་འཚམ་པ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་ཡག་མོ་བརྩམས་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་ཞིག་སྤོ་རྒྱུར་འདེགས་སྐྱོར་དང་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

ཚོགས་འདུའི་ཐོག“ཞིང་སྡེའི་ལས་དོན་གསུམ”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་ལས་དོན་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་སྐུལ་འདེད་བཅའ་ཁྲིམས》《སི་ཁྲོན་ཞིང་ཆེན་གྱི〈ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་ལས་དོན་སྲོལ་ཡིག〉ལག་བསྟར་དོན་འཁྱོལ་བྱེད་ཐབས》སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་འབྲེལ་ཡོད་སྒྲིག་སྲོལ་དང་ཇུས་གཞིར་གྲོས་ཞིབ་བྱས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)