国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་མིའི་ཐེངས་གྲངས་ཁྲི31.04སྣེ་ལེན་བྱས།

སྤྱི་ཟླ9པའི་ཚེས21ཉིན། གསར་འགོད་པས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྱོན་བསྡོམས་ཁྲི31.04ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར3.41མངོན་འགྱུར་བྱུང་བས། 2019ལོའི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ1.84དང་བརྒྱ་ཆ1.79འཕར་ཡོད་པ་རེད། བསྡོམས་རྩིས་ནང་བཞག་པའིAརིམ་པའི་མཛེས་ལྗོངས་ཁུལ61གིས་ཡུལ་སྐོར་བ་ཁྱོན་བསྡོམས་ཁྲི10.8149སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི232.22ལ་ཟིན་པ་རེད། ཁུལ་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་གིས་མང་ཚོགས་ཁྱོན་བསྡོམས་མིའི་ཐེངས་གྲངས9924སྣེ་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་གསུམ་གྱི་གུང་གསེང་སྐབས་སུ་རང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་རུ་རང་སྐོར་རླངས་འཁོར་གཏོང་བའི་ཡུལ་སྐོར་གཙོ་བོ་ཡིན་ཞིང་། ཁྲེང་ཏུའུ་དང་ཁྲུང་ཆིང་ནི་རང་ཁུལ་གྱི་ཡུལ་སྐོར་བའི་ཐོན་ཁུངས་གཙོ་བོ་ཡིན་པ་རེད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་འགྲོ་འོང44042དང་ལྕགས་ཟམ་རྫོང་ལམ་བརྒྱུད་དུ་རླངས་འཁོར་འགྲོ་འོང23379ལ་ཟིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ་རང་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་དེ་རིམས་ནད་མ་ཐོན་གོང་གི2019ལོའི་དུས་མཚུངས་དང་བསྡུར་ན་འགྲུལ་པའི་འཕར་ཚད་བརྒྱ་ཆའི་གྲངས་ཀ1.84ཡིན་ཞིང་། ཟླ་མཆོད་དུས་རིམ་ནང་ཡུལ་སྐོར་བར་སྣེ་ལེན་བྱས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།། (བདེ་ཆེན་གྱིས་བསྒྱུར།)