国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནང་དོན་མི་གོ་བའི་གཞས།

ཨེ་གྲོགས་པོ་ལགས།

བདག་ལ་གཞས་ཤིག་ལེན་རོགས།

ནང་དོན་མི་གོ་བའི་གཞས་

ཤིག་ལེན་རོགས།

དེ་ནི་ངའི་ཚེ་རབས་ཀྱི་དུས་

ཚོད་བར་ནས།

ཆེས་སྙན་པའི་གཞས་དེ་ཡིན།

ཨེ་གྲོགས་པ་ལགས།

བསིལ་རླུང་ལྡང་བྱུང་།

སེམས་པ་འཁྱག་སིབ་སིབ་

ཏུ་འགྱུར་བཞིན།

ཡིན་ཡང་ཚོར་བའི་གྲེ་བ་

འགག་མེད་ན།

ནང་དོན་མི་གོ་བའི་གཞས་

ཤིག་ལེན་རོགས།

ཨེ་གྲོགས་པོ་ལགས།

ས་རུབ་མའི་མཚན་སྨག་འདི་དག་ནི།

འུ་ཚོའི་མི་ཚེ་འགྱུར་བཞིན་

ཡོད་པའི་དཔང་རྟགས་རེད།

དེ་བས་མི་ཚེ་རྒས་སོང་ཞེས་པའི་

གླུ་ཞིག་ལེན་རོགས།

ཨེ་གྲོགས་པོ་ལགས།

ད་ནས་སྟོན་ཟླ་གཞུག་མ་ཡོལ་སོང་།

དགུན་ཟླ་དང་པོ་ཚེས་ནས་བདུན་

ཕྲག་འགའ་ལས་རེད་མེད།

ཡིན་ཡང་ཆོས་ཉིད་ཀྱི་དབང་གིས་

ཞེ་ལ་སྨྲེང་བ་གདུས་སོང་།

ཨེ་སྙིང་ཐུབ་ལགས།

དུང་སེམས་ཀྱི་ལག་གདང་

སྦྲེལ་འདོད་ན།

ཐོག་མར་ནང་དོན་མི་གོ་བའི་

གཞས་ཤིག་ལེན་རོགས།

དེ་ནི་ང་ཡི་སེམས་ཉིད་ཀྱི་

སྒེའུ་ཁུང་ཕྱེས་པའི་

ལྡེ་མིག་ཡིན།

ཨེ་ཉེ་བོ་དག

ཚོར་མ་ཐུབ་པའི་རྨི་ལམ་

མང་པོ་ཞིག་

ལྷག་ཡོད་ན་འང་།

མི་ཚེ་འདི་མཐའ་ཡས་པའི་

རྩྭ་ཐང་ཞིག་གམ།

ཡང་ན་རྟག་བརྟན་གྱི་ཕྱེ་

ལེབ་ཅིག་ཏུ་

བརླམས་ཏེ།

རི་གྲོང་གི་འདུ་འཛིའི་བར་ནས་ནང་

དོན་མེད་པའི་གཞས་རེ་གཏོང་དང་།

༼ ལྡེའུ་ནག ༽