སྤྱི་ཟླ10ཚེས7ཉིན་གསར་འགོད་པས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱལ་སྟོན་གྱི་གུང་གསེང་གཟའ་འཁོར་ནང་རང་ཁུལ་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི237.35ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར26.11ལ་ཟིན་ནས་རྒྱལ་སྟོན་གྱི་གུང་གསེང་གཟའ་འཁོར་རིང་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པར་མ་ཟད། ཡུལ་སྐོར་གྱི་ཉེན་ཁ་ལས་འཛོལ་བྱུང་མེད་ལ་ཡུལ་སྐོར་ཞུ་གཏུག་ཡོང་ཡང་མེད་པ་རེད། ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཐད་ཉེན་མེད་དང་སྒྲིག་ལམ། སྤུས་ཚད། ཕན་འབྲས་བཅས“གཅིག་གྱུར་བཞིའི”དམིགས་ཡུལ་མངོན་འགྱུར་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱལ་སྟོན་གྱི་གུང་གསེང་གཟའ་འཁོར་རིང་རང་ཁུལ་གྱིས་ཡུལ་སྐོར་སྣེ་ལེན་ལས་དོན་ཐད“གཅིག་གྱུར་བཞིའི”དམིགས་ཡུལ་མངོན་འགྱུར་ཐུབ་ནས་གཙོ་བོ་ཕྱོགས་གསུམ་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་སྟེ། གཅིག་ནི་སྒྲིག་འཛུགས་དང་མགོ་ཁྲིད་ནུས་ལྡན་བྱས་ཡོད། གཉིས་ནི་ཞབས་ཞུ་འགན་སྲུང་ནུས་ལྡན་བྱས་ཡོད། གསུམ་ནི་ཉན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དུས་ཆེན་རིང་གི་ཡུལ་སྐོར་ཞབས་ཞུའི་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་ཞབས་ཞུའི་འགན་ལེན་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏང་རྒྱུ་དང་ཡུལ་སྐོར་ཁྲོམ་རའི་བྲིན་ཚོང་འོས་སྦྱོར་མུ་མཐུད་ཡག་པོ་བྱས་ནས་སྟོན་དུས་དང་དགུན་དུས་ཡུལ་སྐོར་ཞབས་ཞུའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་པ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)