国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་ཡི་མི་ཚེའི་དཔུང་ རོགས་ལགས།

འཁོར་བའི་སྲིབ་ངོས་ཀྱི་མེ་ལོང་ནང་དུ།།

སེམས་མཚོན་དར་སྐུད་ཀྱི་ཨ་ལོང་སྦྲེལ་ནས།།

བརྩེ་བའི་མེ་ཏོག་གི་ཕྲ་རྒྱན་ཞིག་གིས།།

ཁྱེད་ཀྱི་བྱད་གཟུགས་ཀྱི་དབུ་རྐེ་འཁྱུད་ནས།།

ངོ་གདོང་འཛུམ་ཆུང་གི་དབུས་སུ་བགྱིད་ཀྱིན།།

ཚེ་གཅིག་ལས་བཟང་གི་གྲོགས་སུ་གྱུར་ན།།

གྲོགས་དེ་འགྱུར་མེད་ཀྱི་སེམས་རྟེན་ཡིན་འདྲ།།

སྲིད་པའི་ཐང་སྟོང་གི་མི་ཚོགས་བརྒྱུད་དུས།།

སྨྲེང་སེམས་ཁེར་ཧྲེང་གི་མནར་གཅོད་གཏོང་སྐབས།།

བྱེའུ་ཆུང་སེམས་མཐུན་གྱི་ལས་དབང་དྲན་ན།།

ང་དང་གཏན་གྲོགས་ཁྱོའི་བརྩེ་འདང་རིང་མོ།།

གཏན་གྱི་གྱེས་བྲལ་ལ་རེ་འདོད་མ་སྐོང་།།

ད་ལྟའི་སྐབས་བབས་ཀྱི་མི་སེམས་ཀྱག་ཀྱོག།

ངོ་བསྟོད་ཆེ་ཚུགས་ཀྱི་གཤིས་ཀ་བགྱིས་ནས།།

མི་ནི་འཕོ་འགྱུར་གྱི་ལམ་ལ་སྙེག་སྐབས།།

ང་ཡི་རང་ཚུགས་ལ་གཡོ་འགུལ་མེད་པར།།

འཇིག་རྟེན་གསར་རྙིང་གི་གྲོགས་དེ་གཅིག་པུ།།

མི་ཚེའི་དགའ་སྡུག་གི་དཔུང་རོགས་བཅོལ་འདྲ།།

༼ སྨན་ལྗོན། ༽