国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་དུ་མིག་སྔར་ཤེས་བྱའི་ཐོན་དབང་གི་རྒྱང་རིང་སློབ་གསོའི་ཡན་ལག་ས་ཚུགས་ཉག་གཅིག། རང་ཁུལ་གྱི་ལོ་རྒྱུས་ཐོག་རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་ཡན་ལག་ས་ཚུགས་ཨང་དང་པོ།

སི་ཁྲོན་གྱི་ཤེས་བྱའི་ཐོན་དབང་རྒྱང་རིང་སློབ་གསོའི་དཀར་མཛེས་ཡན་ལག་ས་ཚུགས་ཀྱི་སྒོ་བྱང་དངོས་སུ་བཀལ།

སྤྱི་ཟླ10པའི་ཚེས9ཉིན། སི་ཁྲོན་གྱི་ཤེས་བྱའི་ཐོན་དབང་རྒྱང་རིང་སློབ་གསོའི་དཀར་མཛེས་ཡན་ལག་ས་ཚུགས་དེ་སི་ཁྲོན་མི་རིགས་སློབ་གླིང་དུ་སྒོ་བྱང་བཀའ་ནས་བཙུགས་ཤིང་། རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་མིག་སྔར་ཤེས་བྱའི་ཐོན་དབང་གི་རྒྱང་རིང་སློབ་གསོའི་ཡན་ལག་ས་ཚུགས་ཉག་གཅིག་དང་། རང་ཁུལ་གྱི་ལོ་རྒྱུས་ཐོག་རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་ཡན་ལག་ས་ཚུགས་དང་པོ་དངོས་སུ་བཙུགས་པ་མཚོན་པ་དང་། དེ་ནི་ཤེས་བྱའི་བདག་དབང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཤུགས་ཆེ་རུ་གཏོང་བའི་འཛུགས་སྐྱོང་གི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་ལ། ཁུལ་ཡོངས་ཀྱི་ཤེས་བྱའི་བདག་དབང་འཛུགས་སྐྱོང་ཐད་ཀྱི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན་པ་རེད།

མཛད་སྒོའི་ཡུལ་དངོས་སུ་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་དང་སི་ཁྲོན་མི་རིགས་སློབ་གླིང་དང《ཤེས་བྱའི་ཐོན་དངོས་བདག་དབང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན》བཞག་པ་རེད།

ཀྲུང་གོའི་ཤེས་བྱའི་ཐོན་དབང་གསོ་སྦྱོང་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཞབས་ཞུ་སྐུལ་འདེད་ལྟེ་གནས་ཀྱི་འབྲེལ་ཡོད་ཁྲུའུ་གི་འགན་འཁུར་བ། ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། སི་ཁྲོན་མི་རིགས་སློབ་གླིང་གི་འབྲེལ་ཡོད་མགོ་ཁྲིད་དང་ཁྲིམས་ལུགས་སློབ་གླིང་གི་དགེ་སློབ་ཁག་གཅིག་སྒོ་བྱང་བཀལ་བའི་མཛད་སྒོའི་ནང་ཞུགས་པ་རེད།།

﹙བདེ་སྐྱིད་ཀྱིས་བསྒྱུར།﹚