国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བཞི་པའི་ཐོག།

གྲངས་འཛིན་དཔལ་འབྱོར་གྱི་འཕེལ་ཕྱོགས་དང་ཆོས་ཉིད་བློ་གདེང་བྱས་ཏེ་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10པའི་ཚེས19ཉིན་གློག་འཕྲིན་འབྱོར་གསལ།སྤྱི་ཟླ10པའི་ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བཞི་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཉེ་བའི་ལོ་ཤས་རིང་དྲྭ་སྦྲེལ་དང་། གྲངས་གཞི་ཆེན་མོ། དྲྭ་ཐོག་འཆར་གཞི། མི་ཐབས་རིག་ནུས། ཚན་ཚན་ཕྲེང་སྦྲེལ་སོགས་ལག་རྩལ་མགྱོགས་མྱུར་དུ་གསར་གཏོད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཉིན་རེ་བཞིན་མཉམ་འདྲེས་དང་།གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་པ།ཁྱབ་འགྱེད་ཀྱི་ཁྱབ་ཁོངས་རྒྱ་ཆེ་བ།ཤུགས་རྐྱེན་ཐེབས་ཚད་བཅས་སྔར་བྱུང་མྱོང་མེད་པ་ཞིག་བྱུང་ནས་གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བསྐྱར་སྒྲིག་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཆ་བསྐྱར་འཛུགས།གོ་ལ་ཧྲིལ་པོའི་འགྲན་རྩོད་རྣམ་པར་འགྱུར་ལྡོག་གཏོང་བ་བཅས་ཀྱི་འགག་རྩའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མཐོ་ཚད་ཀྱི་ཐོག་ནས་རྒྱལ་ཁབ་ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་དང་འཕེལ་རྒྱས་དང་ཉེན་མེད་ཀྱི་དོན་ཆེན་གཉིས་སྤྱི་འདོམས་བྱེད་པ་དང་གྲངས་གཞི་འབོར་ཆེན་དང་ཕུན་སུམ་ཚོགས་པའི་བཀོལ་སྤྱོད་རྣམ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གྲངས་འཛིན་ལག་རྩལ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་པ། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་རྒྱ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་དང་ལེགས་སུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ནན་ཅིང་སློབ་ཆེན་གྱི་སློབ་སྤྱི་དགེ་རྒན་ཆེ་མོ་བ་ལུའེ་ཅན་གྱིས་གནད་དོན་དེར་འགྲེལ་བཤད་བསྐྱོན་པར་མ་ཟད། ལས་དོན་ཐད་གྲོས་འགོ་ཡང་བཏོན་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་ནན་ཏན་ངང་གསན་པ་དང་གྲོས་བསྡུར་གནང་བ་རེད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་འཐབ་ཇུས་ལག་བསྟར་དང་། དྲ་རྒྱའི་དཔལ་འབྱོར་གྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་། དྲ་སྦྲེལ་རྨང་གཞིར་བྱེད་པའི་གསར་གཏོད་སྣ་ཚོགས་ལ་རྒྱབ་སྐྱོར། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས།དངོས་ཚན་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། གྲངས་འཛིན་ཀྲུང་གོ་དང་རིག་ལྡན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཀྱི་ཁྱུ་ཚོགས་སྐྲུན་པ་བཅས་བྱས་

པས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།ལྷག་པར་དུ་ཏོག་གསར་རིམས་ནད་ཐོན་ཚུན། གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་གྱིས་ཏོག་གསར་རིམས་ནད་ལ་འགོག་རྒོལ་དང་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད། (པར་ངོས་གཉིས་པར་གཟིགས།)