国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རོགས་ལས་ལས་དོན་གྱི་སྙན་ཞུ་ལ་གསན་སྐབས།

ཁ་གཏད་རོགས་སྐྱོར་ལས་དོན་རྒྱུན་མཐུད་དུ་ཟབ་སྤེལ་བྱས་ཏེ་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྐུལ་འདེད་གཏང་དགོས་ཞེས་གསུངས།

སྤྱི་ཟླ10པའི་ཚེས18ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དཀར་མཛེས་ཁུལ་དུ་བཅའ་སྡོད་པའི་ཀྲེ་ཅང་ཞིང་ཆེན་ལས་དོན་རུ་ཁག་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རོགས་ལས་ལས་དོན་སྐོར་གྱི་སྙན་ཞུ་ལ་གསན་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རོགས་ལས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། སི་ཁྲོན་དང་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན། དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་མདུན་དུ་འཁེལ་བའི་གནས་བབ་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས།གྲངས་གཞིའི་བཅོས་བསྒྱུར།ཤེས་ཡོན་པ་གསོ་སྐྱོང་སོགས་ཀྱི་ཐད་ལ་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་འདི་ཡུལ་གྲོང་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་ལག་གདང་སྦྲེལ་ནས་སྐུལ་མ་བཏང་སྟེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད།ཐུན་མོང་དུ་ཕྱུག་པོར་ཆགས་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་དཀར་མཛེས་ཁུལ་དུ་བཅའ་སྡོད་བྱེད་མཁན་ཀྲེ་ཅང་ཞིང་ཆེན་ལས་དོན་རུ་ཁག་གིས་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ཡོད་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་རེད། ད་ལོ་ནས་བཟུང་། ལས་དོན་རུ་ཁག་གིས་“མི་རིགས་མཐུན་སྒྲིལ་”དང་“ཐུན་མོང་ཐོག་ཕྱུག་པོར་ཆགས་པའི་”དམིགས་འབེན་ལ་དམ་པོར་དམིགས་ཏེ། ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲེ་ཅང་གི་འཕེལ་རྒྱས་ལེགས་ཆ་དང་། ཧང་ཀྲོའུ་ཡི་གྲངས་གཞིའི་ལེགས་ཆ། དཀར་མཛེས་ཁུལ་གྱི་ཐོན་ཁུངས་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་རོགས་སྐྱོར་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ལས་བྱེད་པའི་ཤེས་ཡོན་མི་སྣ་དོ་དམ་ཚད་ལྡན་དུ་གཏོང་བ། དྲིལ་བསྒྲགས་ལས་དོན་ཧུར་ཐག་སྤེལ་བ་བཅས་བྱས་ནས“ཐོན་ལས་མཉམ་ལས་དང་།གྲངས་གཞི་ཅན་གྱི་ཕྱོགས་བསྒྱུར། འཛད་སྤྱོད་རོགས་སྐྱོར། རིག་གནས་སྤེལ་རེས། རོགས་སྐྱོར་ཕྱོགས་ཀྱི་དྲག་དམག ”བཅས་མིང་བྱང་ལྔ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཁ་གཏད་རོགས་སྐྱོར་ལས་དོན་བརྟན་པོ་དང་མགོ་ཡག་པོ་ཞིག་བཙུགས་ཡོད་པ་རེད།། (ལྷ་འཛོམས་ཀྱིས་བསྒྱུར།)