国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་བསྡུའི་དུས་ཚིགས་ལས་འོད་སྟོང་འཕྲོ། ཨ་འབྲུ་ནང་ཆང་དྲི་ཞིམ་གྱིས་བཟི་སྣང་སྐྱེས། དེ་ཡང་ལོ་གཅིག་གི་སྟོན་བསྡུའི་དུས་ཞིགས་ལ་སླེབས་པ་དང་བསྟུན་ནས་དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་གི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་གྱི་ནས་ལོ་ལེགས་ཐོབ། ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་ཐོག་དཔལ་ཡུལ་རྫོང་ཞིང་སྤེལ་སྤྱི་གཉེར་ཁང་གི་མཉམ་འབྲེལ་བརྔ་འཕྲུལ་ཆས་ཀྱི་སྒྲ་ལྷང་ལྷང་དུ་གྲགས་ཏེ་ལོ་ཏོག་བརྔ་བསྡུ་བྱེད་བཞིན་མཆིས། སྔ་སྨིན་དང་གྲང་ངར་ཐེག་པ།ཚྭ་སྐྱུར་བཟོད་པ། ཐོན་ཚད་མཐོ་བ། འཚམ་མཐུན་རང་བཞིན་ཆེ་བ་བཅས་ཀྱི་ཐོན་ཚད་མཐོ་བའི་ནས་གཅིག་རྗེས་གཉིས་མཐུད་དུ་སྨིན་ནས་མུའུ་རེ་རེའི་ཐོན་ཚད་སྲོལ་རྒྱུན་སོན་གྱི་རྒྱ་མ་སུམ་བརྒྱ་བཞི་བརྒྱ་ཙམ་ནས་ད་ཆའི་རྒྱ་མ་དྲུག་བརྒྱ་ཡན་ཆད་ལ་འཕར་ཡོད་པ་རེད།