国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རོང་བྲག་མཛེས་མའི་ལུང་པ་རུ། ལུག་མིག་དྲི་ཞིམ་ཕྱོགས་བཅུར་ཁྱབ།

ད་ཆ་རོང་བྲག་རྫོང་བརྒྱ་གྱུར་གྲོང་རྡལ་དུ་མཐོ་སྒང་གི་ལུག་མིག་མེ་ཏོག་འཐུ་བའི་དུས་ཚིགས་སུ་སླེབས་ཤིང་། གྲོང་སྡེའི་ཉེ་འགྲམ་གྱི་ས་ཞིང་ནང་དུ་གསེར་མདོག་ལྡན་པའི་ལུག་མིག་མེ་ཏོག། ཡུར་སྐོར་བ་དང་རོང་བྲག་གི་མཛེས་མ་བཅས་ནི་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་ཆགས་འདུག། ཤེས་རྟོགས་བྱུང་བར་གཞིགས་ན། བརྒྱ་གྱུར་གྲོང་རྡལ་གྱིས་རྟེན་གཞི་དང་ཞིང་དུད་ཟུང་འབྲེལ་གྱི་གཉེར་སྐྱོང་རྣམ་པ་གཞིར་བཟུང་ནས། གྲོང་སྡེ་ནང་གི་ཞིང་རྒོད་བེད་སྤྱོད་གང་ལེགས་བྱས་ནས་ལུག་མིག་མེ་ཏོག་གི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་བཏོད་པ་རེད།།