国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






(པར་ངོས་དང་པོར་མཐུད།)

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་གསར་པ་སྟངས་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། གཅིག་ནས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་གྱིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་མགྱོགས་མྱུར་འཁོར་རྒྱུག་དང་རིགས་ཁག་གི་ཁྲོམ་རའི་བྱེད་པོ་མགྱོགས་མྱུར་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཐུབ་པ་དང་ཁྲོམ་རའི་བྱེད་པོར་རྩ་འཛུགས་ཀྱི་རྣམ་པ་བསྐྱར་སྒྲིག་བྱེད་རོགས་དང་། ས་མཚམས་ལས་བརྒལ་བའི་འཕེལ་རྒྱས་མངོན་འགྱུར། དུས་བཅད་ཀྱི་ཚད་འགག་མེད་པ་བཟོ་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་རྒྱུ་བཅས་ལ་རོགས་རམ་བྱེད་ཐུབ། གཉིས་ནས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་དེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། གསར་གཏོད་རང་བཞིན་ཆེ་བ་དང་།མཉམ་འདྲེས་རང་བཞིན་ཆེ་བ།གཞི་ཁྱོན་རང་བཞིན་ཆེ་བ་བཅས་གྲངས་འཛིན་དཔལ་འབྱོར་ནི་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཡིན་པ་མ་ཟད།སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་པའི་རྟེན་གཞི་ཡང་ཡིན་པར་བརྟེན་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པའི་སྒུལ་ཤུགས་གལ་ཆེན་དུ་འགྱུར་ཐུབ། གསུམ་ནས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། དེང་གི་དུས་རབས་སུ་གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་ནི་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་ཤིག་ཡིན་ལ།རེས་སྐོར་གསར་པའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་གཙོ་གནད་ཁྱབ་ཁོངས་ཤིག་ཀྱང་ཡིན་པས། ང་ཚོས་གོ་སྐབས་དམ་འཛིན་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཐོ་ས་བཟུང་དགོས།ཞི་ཅིན་ཕིང་གིས་བསྟན་དོན། འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། རང་རྟེན་གསར་གཏོད་ཀྱི“འགག་རྩ”དེ་དམ་འཛིན་བྱེད་པ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དང་། རང་རྒྱལ་སྒྲིག་སྲོལ་གྱི་ལེགས་ཆ་གསར་པ། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་བཅས་འདོན་སྤེལ་བྱེད་པ། གྲངས་འཛིན་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་གསར་སྤེལ་ནུས་པ་ཆེ་རུ་གཏོང་བ། འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཆུ་ཚད་མཐོ་བའི་རང་ཚུགས་རང་སྟོབས་མགྱོགས་མྱུར་མངོན་འགྱུར་ཡོང་བ་བཅས་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྨང་གཞིའི་སྒྲིག་བཀོད་གསར་པ་སྐྲུན་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་བཀོད་པར་ཤུགས་སྣོན་རྒྱག་པ། མྱུར་བགྲོད་ཀུན་ཁྱབ་དང་། གནམ་ས་གཞི་གཅིག སྤྲིན་དྲ་མཉམ་འདྲེས། རིག་ནུས་འཁྱུག་པོ། ལྗང་མདོག་ཐཱན་ཉུང་།བདེ་འཇགས་ཚོད་འཛིན་ཐུབ་པ་བཅས་ཀྱི་རིག་ནུས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གྲངས་འཛིན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བསྐྲུན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆ་འཕྲིན་གྱི“འཕར་རྩ་ཆེན་པོཤར་གཏོང་ཐུབ་པ་བྱེད་དགོས།ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཐོག་འགག་རྩའི་མཉེན་ཆས་ཚད་བརྒལ་བྱེད་པ། མཉེན་ཆས་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འགག་རྩའི་མཉེན་ཆས་ལག་རྩལ་གསར་གཏོད་དང་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ། བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ཞིང་ལས་སོགས་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བ། དྲ་སྦྲེལ་གྱི་ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ལ་ཕྱོགས་ཡོངས་དང་འཁོར་འབྲེལ་ཧྲིལ་པོའི་སྒྱུར་བཀོད་བྱེད་པ། རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་གྲངས་འཛིན་ལག་རྩལ་གྱིས་ཐོན་པའི་ཆེར་གཏོང་དང་།རྩིག་སྣོན། ལྡབ་འཕར་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་བཅས་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས“ཆེད་ལས་དང་། ཞིབ་ཚགས། ཁྱད་ལྡན། གསར་པ”བཅས་ཀྱི་ཁེ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོའི་ཁེ་ལས་ཁག་གཅིག་གང་མགྱོགས་སྐྱེད་སྲིང་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་ཀྱི་མདུན་གྲལ་དང་རྩེར་སོན་གྱི་ཁྱབ་ཁོངས་ལ་དམིགས་པ། ལག་རྩལ་གལ་ཆེན་ཚད་བརྒལ་དང་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་ལ་གཞི་ཚུགས་པ།ཐོན་ལས་འཁོར་འབྲེལ་གྱི་འགག་རྩའི་ལྷུ་ཚིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། གཙོ་གནད་ཐོན་ལས་ཀྱི་མཁོ་སྤྲོད་འཁོར་འབྲེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཐོན་རྫས་དང་ཞབས་ཞུའི་ཚབ་བརྗེ་བྱེད་མགྱོགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ་དང་།འཕེལ་རྒྱས་ལ་སྐུལ་འདེད་དང་ལྟ་འདོམས་ཚད་ལྡན་དུ་གཏོང་བར་ཕྱོགས་གཉིས་ནས་དམ་འཛིན་དང་། ཕྱོགས་གཉིས་ཀ་དམ་འཛིན་ཏན་ཏིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཁྲོད་ཚད་ལྡན་དང་ཚད་ལྡན་ཁྲོད་འཕེལ་རྒྱས་གཏོང་དགོས། ཁྲོམ་རའི་འཇུག་འཐུས་ལམ་ལུགས་དང་།གཞུང་དྲང་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས། གཞུང་དྲང་འགྲན་རྩོད་ཀྱི་ལྟ་འདོམས་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་དང་། རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ལྟ་འདོམས་མ་ལག་བཙུགས་ནས་ལས་དོན་མ་སྒྲུབ་གོང་དང་། སྒྲུབ་རིང་།བསྒྲུབས་རྗེས་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་དང་ཁྱབ་ཁོངས་ཧྲིལ་པོར་ལྟ་འདོམས་བྱེད་དགོས། འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་གཞུང་དྲང་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་དང་བྱེད་ཐབས་ཡོ་བསྲང་དང་ཚད་ལྡན་དུ་བཏང་ནས།ལས་སྟེགས་སྒེར་སྡེམ་དང་མ་རྩ་གོ་རིམ་མེད་པའི་ངང་རྒྱ་སྐྱེད་གཏོང་རྒྱུ་སྔོན་འགོག་བྱས་ཏེ་སྒེར་སྡེམ་དང་ཚུལ་མིན་འགྲན་རྩོད་ཀྱི་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། ལས་སྟེགས་ཀྱི་ལས་གཉེར་མི་སྣ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་ཁྲལ་བསྡུའི་ལྟ་འདོམས་དང་ཁྲལ་དོན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲངས་འཛིན་དཔལ་འབྱོར་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་དང་སྒྲིག་སྲོལ་ལམ་སྲོལ་ཡག་པོ་བཟོ་བ་དང་། དུས་བབ་ཀྱི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། གོ་སྐབས་དམ་འཛིན་བཅས་བྱས་ནས་རང་འགུལ་ཐུབ་པ་བྱེད་དགོས།རིམ་ཁག་འགོ་ཁྲིད་ལས་བྱེད་པས་གྲངས་འཛིན་དཔལ་འབྱོར་གྱི་བསམ་གཞིག་ནུས་པ་དང་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཉེན་མེད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། གྲངས་འཛིན་དཔལ་འབྱོར་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གྲངས་འཛིན་གྱི་བྱང་ཚད་མཐོ་རུ་དང་རྩལ་ནུས་ཆེ་རུ་བཏང་ནས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་དགོས།། (མི་དམངས་དྲ་བ་ནས་དྲངས།)