ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་འགག་སྒྲོལ་ལས་ཀ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཆེད། སྤྱི་ཟླ10པའི་ཚེས21ཉིན་རང་ཁུལ་གྱིས་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་གཏོང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། དུས་བབ་ལ་དབྱེ་ཞིབ།གནད་དོན་གྱི་ཞན་ཆ་འཚོལ་ཞིབ། ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།།