国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་ཚོགས་འདུ་ཐེངས55པ་འཚོགས་པ།

སྤྱི་ཟླ10པའི་ཚེས23ཉིན་ཁུལ་གྱིས་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་ཚོགས་འདུ་ཐེངས55པ་འཚོགས་ནས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཉེ་དུས་སུ་རྒྱལ་ཁབ་དང་ཞིང་ཆེན་གྱི་རིམས་ནད་འགོག་ཟོན་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ཁུལ་རང་དུ་སྟོན་དུས་ཀྱི་རིམས་ནད་འགོག་ཟོན་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་དང་།བསྐྱར་དུ་བཀོད་སྒྲིག སླར་ཡང་ཤུགས་སྣོན་རྒྱག་པ་བཅས་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཏང་ཙུའུ་གྲུབ་མི་ཏེང་ལི་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།།