སྤྱི་ཟླ10པའི་ཚེས22ཉིན་ལ་ཁུལ་ཡོངས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པོའི་རྒྱུད་རིམ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པའི་རྒྱུད་རིམ་་བཅོས་སྐྱོང་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པའི་རྒྱུད་རིམ་ལྡན་པའི་བཅོས་སྐྱོད་གཏིང་ཟབ་ཏན་ཏིག་ཏུ་གཏོང་བ་དང་མཐར་ཕན་འབྲས་ཐོན་རྒྱུར་སླར་ཡང་བཀོད་སྒྲིག་དང་།སླར་ཡང་སྐུལ་འདེད། སླར་ཡང་དོན་འཁྱོལ་བཅས་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ལྟ་སྐུལ་ཞིབ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ཞེ་ཧུའེ་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་ཀྱང་གནང་བ་རེད།། ( ལེ་ཚན་འདི་ལྟ་འཛོམས་ཀྱིས་བསྒྱུར།)