国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་དབྱང་ཁེ་ལས་ཀྱིས་ཡུལ་གྲོང་དར་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རོགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ནས་བཟུང་ཀྲུང་དབྱང་ཁེ་ལས་ཀྱིས་གཏན་འཁེལ་བྱས་པའི་རོགས་སྐྱོར་བྱ་ཡུལ་གྱི་རྫོང246ལ་ཐད་ཀར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར75.95བཏང་ནས་དབུལ་ཐར་ས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར33.5རི་བའི་ཞིང་ཞོར་ཐོན་རྫས་ཉོ་སྒྲུབ་དང་ཕྱིར་ཚོང་བྱེད་རོགས་བྱས་པ་དང་། གཞི་རིམ་ལས་བྱེད་པ་དང་རིགས་སྣ་ཚོགས་ཀྱི་ལག་རྩལ་མི་སྣ་ཁྲི10.15གསོ་སྦྱོང་བྱས་པ། དབུལ་ཐར་མི་འབོར་ཁྲི1.23ལས་ཞུགས་གཞན་སྒྱུར་བྱེད་རོགས་བཅས་བྱས་ནས་དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་བར་མ་ཟད། གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད།

ཡུལ་གྲོང་དར་རྒྱས་ནི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཞིག་ཡིན་ལ། ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་བྱེད་ཐབས་ཤིག་ཀྱང་ཡིན་པ་རེད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི་བཅོས་བསྒྱུར་འཕེལ་ལྟེ་གནས་ཀྱི་ཀྲུའུ་རེན་ཞིབ་འཇུག་པ་ཧྲི་ཡུས་ལུང་གིས་འབྱུང་འགྱུར་སྲིད་ཇུས་ལག་བསྟར་བྱེད་ས་དེ་གྲོང་ཁྱེར་དང་ཡུལ་གྲོང་གི་རྒྱུ་རྐྱེན་གཙོ་བོར་སྐུལ་འདེད་གཏོང་བའི་རང་མོས་འགྲོ་རྒྱུག་དང་འདྲ་མཉམ་བརྗེ་རེས། རྫོང་ཁོངས་གྲོང་རྡལ་ཅན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཞིང་སྡེའི་དཔལ་འབྱོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་ཐད་འཇོག་དགོས་པའི་གྲོས་འགོ་བཏོན་པ་རེད།། (ཡེ་ཤེས་ཀྱིས་བསྒྱུར།)