国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྨ་ཆུ་འབྱུང་ཡུལ་དུ་འཚོ་གནས་བྱེད་པའི་ཁྲུང་ཁྲུང་སྐེ་ནག།

ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་གླིང་གའི་རྨ་ཆུའི་འབྱུང་ཡུལ་གྱི་་གླིང་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་ཁ་ཤས་བག་ཕེབས་ངང་འགྲོ་བཞིན་མཆིས།

ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་རིགས་ཤིག་ཡིན་ཞིང་། གཙོ་བོ་མཚོ་འཕགས་་སྨི2500ནས5000བར་གྱི་མཐོ་སྒང་གི་་འདམ་ར་དང་། མཚེའུ།གཙང་འགྲམ་བཅས་སུ་བབ་སྡོད་བྱེད་ཀྱི་ཡོད་པ་དང་། རང་རྒྱལ་གྱི་མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན་བྱང་རྒྱུད་བཅས་སུ་ཁྱབ་ཡོད་པ་རེད།།

པར་འདི་ནི་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་མགོའི་གླིང་ཁུལ་དུ་བབ་སྡོད་བྱས་ཡོད་པའི་ཁྲུང་ཁྲུང་སྐེ་ནག་ཁ་ཤས་རེད།