国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆུ་བེད་པུའུ་ཡིས་རྨ་ཆུ་དང་ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། སུང་ལེའོ་འབབ་རྒྱུད་ཀྱི་ཆུ་ངོགས་གལ་ཆེན་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འཆར་འགོད་བྱས།

ཉེ་ཆར་ཆུ་བེད་པུའུ་ཡིས་རྨ་ཆུ་དང་ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། སུང་ལེའོ་འབབ་རྒྱུད་ཀྱི་ཆུ་ལམ་གྱི་ངོགས་གལ་ཆེན་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད་བཀྲམ་ནས་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་ངོགས་སྲུང་སྐྱོང་དང་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། གཙང་པོ་དང་མཚེའུ་ཡི་བར་སྟོང་དོ་དམ་ཚོད་འཛིན་ནན་པོ་བྱ་ཆེད་གཞི་འཛིན་ས་དང་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།

ད་ཐེངས་བཀྲམ་པའི་འཆར་འགོད་བཞི་པོའི་ཁྲོད་འབབ་རྒྱུད་ནང་གི་གཙང་པོའི་དུམ་བུ་དང་མཚེའུ་གལ་ཆེན་ཁྱབ་ཡོད། དེའི་ནང་རྨ་ཆུ་དང་ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། སུང་ཧྭ་ཅང་གཙང་པོ། ཏུང་ལིའོ་གཙང་པོའི་ཆུ་གཞུང་སོགས་ཆུ་ལམ་གལ་ཆེན53དང་། དེ་བཞིན་ཧུང་ཙེ་མཚེའུ་དང་། ལུའོ་མ་མཚེའུ། ནན་སི་མཚེའུ་བཅས་མཚེའུ་གལ་ཆེན་ཚུད་ཡོད། དེ་དག་སྤྱི་ལེ10351གི་ཆུ་ལམ་དང་སྤྱི་ལེ25036གི་གཙང་པོའི་ངོགས་དང་འབྲེལ་བ་ཡོད་པ་རེད། འཆར་འགོད་ནང་ཆུ་ལོག་སྔོན་འགོག་དང་ཆུ་བོ། ཆུ་མཁོ་འདོན། སྐྱེ་ཁམས་སོགས་སྲུང་སྐྱོང་གི་བླང་བྱར་བསམ་གཞིག་གང་ལེགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཙང་པོའི་ངོགས་བེད་སྤྱོད་ཀྱི་དགོས་མཁོ་སྤྱི་འདོམས་བྱས་ཏེ་གཙང་པོའི་ངོགས་སྲུང་སྐྱོང་ཁུལ་དང་། ཉར་ཚགས་ཁུལ། ཚོད་འཛིན་བེད་སྤྱོད་ཁུལ། གསར་སྤེལ་བེད་སྤྱོད་ཁུལ་བཅས་དབྱེ་བ་དང་འབྲེལ་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་བྱེད་པའི་བླང་བྱ་བཏོན་ཡོད། དེའི་ནང་སྲུང་སྐྱོང་ཁུལ་དང་སོར་འཇོག་ཁུལ་གྱི་རིང་ཚད་གཏན་འཁེལ་བྱས་པ་དེས་འཆར་འགོད་ངོགས་ཀྱི་སྤྱིའི་རིང་ཚད་ཀྱི་བརྒྱ་ཆ70བཟུང་བ་དེའི་ཐོག་ནས་སྲུང་སྐྱོང་ཆེན་མོའི་བླང་བྱ་གང་ལེགས་མཚོན་ཡོད།

( མི་དམངས་དྲ་བ་ནས་དྲངས།)