国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་པ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་བསྡུར་ཚད་བརྒྱ་ཆ61ལ་ཟིན།

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ11པའི་ཚེས27འབྱོར་བའི་གློག་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲྭའི་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་དོན། སྤྱི་ཟླ10པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱི་གློག་དྲྭའི་དྲྭ་ཁོངས་ཡོངས་སུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་སྟོང་ཝ་ཁྲི4070ལ་ཟིན་པ་རེད། དེའི་ནང་ནུས་ཁུངས་གསར་པ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་སྟོང་ཝ2485ལ་ཟིན་པས་བསྡུར་ཚད་བརྒྱ་ཆ61ལ་ཟིན་པར་བརྟེན། མཚོ་སྔོན་གྱི་གློག་དྲྭ་དེ་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་དང་ནུས་ཁུངས་གསར་པ་སྒྲིག་སྦྱོར་བྱས་པའི་བསྡུར་ཚད་འདི་རྒྱལ་ཡོངས་ཀྱི་གློག་དྲྭ་ཆེས་མཐོའི་ཞིང་ཆེན་མངའ་ཁོངས་སུ་གྱུར་པ་རེད།

ཚེས27ཉིན། 2021ལོའི“རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུའི་ཐོག། རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ། ཁེ་ལས་བཅས་ནས་འོངས་པའི་ཆེད་རམས་པ་ཚོས་མཚོ་སྔོན་གྱི་ནུས་ཁུངས་ཐོན་ལས་འཕེལ་རྒྱས་བཏང་བར་དགེ་མཚན་ལྡན་པའི་གདེང་འཇོག་བྱས་པ་རེད།

“མཛེས་པའི་མཚོ་སྔོན་ནི་མཛེས་ཉམས་དཔལ་གྱིས་ཕྱུག་པའི་ཀྲུང་གོའི་འབྱུང་འཕྲོད་མཚོན་རྟགས་ཡིན་ལ། རྒྱལ་ཁབ་ནུས་ཁུངས་ཚོགས་པའི་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཁྱབ་ཁོངས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།”རྒྱལ་ཁབ་ནུས་ཁུངས་ཚོགས་པའི་སྤྱི་ཁྱབ་གཉེར་དཔོན་ལིའུ་གོ་ཡའོ་ཡིས་ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ནུས་ཁུངས་ཚོགས་པས་མཚོ་སྔོན་དང་ནུས་ཁུངས་གཙང་མ་དང་ཆིང་གི་ནུས་ཁུངས། ནུས་ཁུངས་གསོག་འཇོག། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཡུལ་སྡེ་དར་རྒྱས་སོགས་ཀྱི་ཁྱབ་ཁོངས་ནས་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཟབ་མོ་བྱས་ནས་ས་གནས་དང་ཁེ་ལས་བར་མཉམ་ལས་བྱས་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་དོན། དམིགས་བསལ་གྱི་སྤུས་དག་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་ནུས་ཁུངས་གཙང་མ་འཕེལ་རྒྱས་བཏང་བའི་ཐད་ཉེ་བའི་ལོ་ཤས་རིང་ལ་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་ཡོད། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་བསྡུར་ཚད་དང་ནུས་ཁུངས་གསར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་བསྡུར་ཚད། གཅིག་བསྡུས་རང་བཞིན་གྱི་འོད་འགྱེད་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་བཅས་ཧ་ལམ་རྒྱལ་ཡོངས་ཀྱི་ཆེས་མཐོ་ཤོས་ཡིན་པ་དང་། ནུས་ཁུངས་གསར་པའི་གློག་འདོན་ཚད་གློག་དྲྭ་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་བསྡུར་ཚད་རྒྱལ་ཡོངས་ཀྱི་སྔོ་གྲས་སུ་སླེབས་པ་རེད།། (ཡེ་མིང་གིས་བསྒྱུར།)