国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ཀྱི་ཞིང་འབྲོག་པ་ཚོས་ལག་ཤེས་གསར་པ་སྦྱངས་ནས་འཚོ་བ་གསར་པའི་ཕྱོགས་སུ་གོམ་སྟབས་བསྒྱུར།

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ11པའི་ཚེས28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་ནས་ཤེས་རྟོགས་བྱུང་དོན། འདས་པའི་ལོ་ལྔའི་ནང་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་མི་ལག་ལྷག་མ་མིའི་ཐེངས་གྲངས་ཁྲི283.9སྤོས་སྒྱུར་བྱས་ཡོད་པ་རེད། མང་ཚོགས་ཀྱི་འདོད་བློ་ལྟར་ལག་ལེན་བྱས་པའི་ཞིང་འབྲོག་དམངས་ལ་ལག་ཤེས་གསོ་སྦྱོང་བྱས་པ་དང་ངལ་རྩོལ་མི་ལག་ལྷག་མ་སྤོས་སྒྱུར་ལས་ཞུགས་བྱས་པ་ལས་ཕན་པ་ཐོབ་ཅིང་། དེང་སང་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་དེ་བས་མང་པོས་ཤེས་བྱ་གསར་པ་དང་འཇོན་ནུས་གསར་པ་སློབ་སྦྱོང་བྱས་ནས་འབྱོར་ཕྱུག་གི་ཐབས་ལམ་ཐོག་བསྐྱོད་དང་སྐྱོད་བཞིན་ཡོད་པ་རེད།།