国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་དང་ཁྲུང་ཆིང་གིས་མཉམ་དུ་ཁྲིམས་འཛུགས་བྱས་ནས་ཅ་ལིང་གཙང་པོ་སྲུང་སྐྱོང་བྱེད།

ཞིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་སྤྱི་ཟླ11པའི་ཚེས26ཉིན་གློག་འཕྲིན་འབྱོར་གསལ། ཅ་ལིང་གཙང་པོ་ནི་འབབ་རྒྱུད་ཀྱི་གཞི་ཁྱོན་ཆེས་ཆ་བའི་འབྲི་ཆུའི་ཆུ་ལག་ཡིན་ལ། སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་གཙང་པོ་གཙོ་ཞིག་ཀྱང་ཡིན་པ་རེད། ཅ་ལིང་གཙང་པོ་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཆུའི་སྐྱེ་ཁམས་ཉེན་མེད་ཡོང་བར་འགན་སྲུང་བྱ་ཆེད། སྤྱི་ཟླ11པའི་ཚེས25ཉིན། སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁག་བགོས་ནས་ཅ་ལིང་གཙང་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་དང་ཅ་ལིང་གཙང་པོ་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་མཉམ་དུ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཆོད་དོན་གྲོས་འཆམས་བྱུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ས་གནས་གཉིས་ཀྱིས་མཉམ་དུ་ཁྲིམས་འཛུགས་བྱས་ནས་སྤྱད་འཐུས་ཀྱི་ཁོངས་མཚམས་དང་མཉམ་ལས་རྩ་དོན།མཐུན་སྦྱོར་ནང་རྐྱེན་བཅས་དབྱེ་མཚམས་གཅོད་པས་མ་ཚད། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་དང་ཆེད་དམིགས་ལས་གཞི་སྒྲིག་གཞི།འཚུབ་བསྟུན་དང་ཁྲིམས་ལུགས་ལག་ལེན་སོགས་ཕྱོགས་བཅུ་གསུམ་གྱི་ཐད་ནས་ཅ་ལིང་གཙང་པོ་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་ཐུན་མོང་ཚད་གཞི་དང་ཐུན་མོང་འཛུགས་སྐྱོང་། ཐུན་མོང་བཅོས་སྐྱོང་། ཐུན་མོང་དོ་དམ་སོགས་ཀྱི་ཐད་གཏན་འཁེལ་ཞིབ་ཕྲ་བྱས་ཡོད་པ་རེད། །

( ཨ་མགོན་གྱིས་བསྒྱུར། )