国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྔོན་དཔག་བྱས་ན་རང་ཁུལ་ལ་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས5གསར་དུ་འཕར་ཐུབ།

ཉེ་ཆར། གསར་འགོད་པས་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་རང་ཁུལ་གྱིས་སྣང་ཆེན་གསུམ་གྱི་བྱ་ཐབས་སྤྱད་ནས་ཁེ་ལས་ཀྱི་གཞི་ཁྱོན་རིམ་སྤོར་ཡོང་བར་སྐྱེད་སྲིང་བྱས་ཡོད་པ་རེད། ད་སྔར་ཁེ་ལས2ཀྱི་གཞི་ཁྱོན་རིམ་སྤོར་གྱི་ཕྱོགས་བསྡོམས་ཡིག་ཆ་ལ་ཞིང་ཆེན་དང་ཁུལ་རིམ་པས་ཞིབ་དཔྱད་བྱས་ཟིན་ཞིང་། རྒྱལ་ཁབ་ཀྱི་མཐའ་མའི་ཞིབ་དཔྱད་སྒུག་བཞིན་ཡོད། ཁེ་ལས3གྱི་གཞི་ཁྱོན་རིམ་སྤོར་གྱི་ཕྱོགས་བསྡོམས་ཡིག་ཆ་ལ་ཁུལ་རིམ་པས་ཞིབ་དཔྱད་བྱས་ཟིན་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས5གསར་དུ་འཕར་ཐུབ་རེ་ཡོད། སྐབས་དེར་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས72ལ་ཟིན་ཐུབ། སྣང་ཆེན་གསུམ་གྱི་བྱ་ཐབས་ལས་གཅིག་ནི་འཕེལ་རྒྱས་ཀྱི་མདུན་ལམ་ཡོད་པའི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་ལ་སྣང་ཆེན་བྱེད་པ་དང་། གཉིས་ནི་རོགས་སྐྱོར་གནད་ལ་སྨིན་བར་སྣང་ཆེན་བྱེད་པ། གསུམ་ནི་སྲིད་ཇུས་ཀྱི་བྱ་དགའ་སྤྲད་རྒྱུར་སྣང་ཆེན་བྱེད་པ་བཅས་སོ།།

( བདེ་སྐྱིད་ཀྱིས་བསྒྱུར།)