༄༅།། སྤྱི་ཟླ12པའི་ཚེས16ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ལི་ཐང་དུ་འཚོགས་པའི་དཀར་མཛེས་ཁུལ་གྱི་ནོར་གནག་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་གྱི་ཆེད་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག། གནས་ཚུལ་དང་བསམ་ཕྱོགས་གསལ་པོ་ཡིན་ཞིང་བྱ་ཐབས་དང་ཕན་འབྲས་དོན་ལ་གནས་པ་བྱས་ཏེ། ཟླ་བ་རེ་རེར་གོང་འཕེལ་ཡོང་བ་དང་དུས་ཚིགས་རེ་རེར་ཕན་འབྲས་དངོས་ཐོན་པ། ལོ་ཧྲིལ་པོར་ཚད་བརྒལ་ཆེན་པོ་ཡོང་བ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
༄༅།། ཉེ་ཆར། ཀྲུང་གོ་ཨར་ལས་ཁེ་ལས་དོ་དམ་མཐུན་ཚོགས་ཀྱིས2020ལོ་ནས2021ལོའི་བར་གྱི་རྒྱལ་ཁབ་ཀྱི་སྤུས་ལེགས་ལས་གྲྭའི་བྱ་དགའ་ལས་གྲྭའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ་དེའི་ནང་དུ་ཚུད་ཡོད། དེ་ནི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ལི་ཁྲུན་བྱ་དགའ་ཐོབ་རྗེས་ཀྱི་རྒྱལ་ཁབ་རིམ་པའི་མཚན་སྙན་ཞིག་རེད། ཧྲུའུ་ཏའོ་ཚོགས་པ་བཙུགས་རྗེས་རྒྱལ་ཁབ་རིམ་པའི་སྤུས་ལེགས་ལས་གྲྭའི་བྱ་དགའ་ཨང་དང་པོ་ཐོབ་པ་ཞིག་ཀྱང་རེད།
༄༅།། ཉེ་ཆར། ཁུལ་ཨུའི་དམག་ཞབས་ནས་འཐེན་པའི་དམག་མིའི་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ཁུལ་གཉིས་བཀུར་ལས་ཀའི་མགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས། ཁུལ་ཡོངས་ཀྱི་དམག་ཞབས་ནས་འཐེན་པའི་དམག་མི་དང་གཉིས་བཀུར་ལས་ཀར་ཕྱོགས་སྡོམ་བྱས་པ་དང་། ཁུལ་གྱི་གཉིས་བཀུར་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་ལས་ཀའི་སྒྲིག་སྲོལ་སོགས་ཡིག་ཆར་གྲོས་ཞིབ་བྱས་ཤིང་། ཕྱིན་ཆད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
༄༅།། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ལས་གྲྭ་གལ་ཆེན་དང་གོ་ལ་ཧྲིལ་པོའི་ས་བབ་ཧ་ཅང་མཐོ་བའི་འོད་ཤུགས་དངོས་སྒྲུབ་རྟེན་གཞིའི་ལས་གྲྭ་ཐོག་མ་སྟེ་རྒྱལ་ཁབ་གློག་དྲྭ་མ་འཇོག་སི་ཁྲོན་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་སྒྲོ་མདོངས་འོད་ཤུགས་དངོས་དཔང་རྟེན་གཞིའི་ལས་གྲྭ་དངོས་སུ་ལག་ལེན་བསྟར་མགོ་ཚུགས་པ་རེད།
༄༅།། ཉེ་ཆར། རང་ཁུལ་གྱིས་རྒན་རྒོན་ལས་ཀ་དང་ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་ལས་ཀའི་གྲོས་ཚོགས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་རྒན་རྒོན་ལས་ཀ་དང་ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་ལས་ཀའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་།རྒྱལ་ཡོངས་ཀྱི་རྒན་རྒོན་ལས་ཀ་དང་ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རྒན་རྒོན་ལས་ཀའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་ལས་ཀའི་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ལས་ཀའི་སྙན་ཞུར་ཉན་འཇོག་བྱས་པ་དང་། དུས་རབས་གསར་པའི་རྒན་རྒོན་ལས་ཀ་དང་ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་ལས་ཀར་བཀོད་སྒྲིག་བྱས་པ་རེད།
