ཉེ་བའི་ལོ་ཤས་རིང་ཧོ་པེ་ཞིང་ཆེན་གནས་སྤོས་གྲོང་ཁྱེར་གྱིས་ཞིང་པས“སྣེ་འདྲེན་ཁེ་ལས་དང་།མཉམ་ལས་ཁང་།ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་ཁྱད་ཆོས་་ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་པར་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་ཡོད། ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར་གྲོང་ཁྱེར་དེས་བཞོན་མ་དང་།བྱ་ཤ། ངང་པ།ཕུག་རོན་སོགས་ཁྱད་ཆོས་གསོ་ཚགས་སྣ་ཁ20ལྷག་ཙམ་འཕེལ་རྒྱས་བཏང་ཡོད། པར་འདི་ནི་སྤྱི་ཟླ12པའི་ཚེས11ཉིན།ཆན་ཨན་གྲོང་ཁྱེར་ཧྲང་ཀྲོང་གྲོང་རྡལ་གྱི་བཞོན་མ་གསོ་སྤེལ་ར་བ་ཞིག་གི་བཟོ་བས་བེའུ་གསོ་བཞིན་པ་རེད།
