༄༅།།ཉེ་ཆར། གསར་འགོད་པས་ནགས་ཚལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཆེད་དམིགས་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་ཆེད། སྤྱི་ཟླ་དང་པོ་ནས་སྤྱི་ཟླ་དྲུག་པའི་བར་རང་ཁུལ་གྱིས་དུས་ཡུན་ལོ་ཕྱེད་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་གསེད་ཀྱི་ཆེད་དོན་བྱ་སྤྱོད་ཆེན་པོ་དྲུག་གཅིག་སྡུད་ཐོག་སྤེལ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ནུས་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། མིས་བཟོས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཚབས་ཆེན་མི་ཐོན་པ་དང་། མི་སྣ་ཤི་རྨས་ཚབས་ཆེན་མི་བྱུང་བར་མཐའ་གཅིག་ཏུ་བསྲུངས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བ་དང་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཉེན་མེད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་པ་རེད།
༄༅།།སྤྱི་ཟླ་དང་པོའི་ཚེས12ཉིན། 2022ལོའི་ཁུལ་ཡོངས་ཀྱི་དཔྱིད་ཀ་དུས་ཚིགས་ཀྱི་སྐྱེལ་འདྲེན་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དཔྱིད་ཀའི་དུས་ཚིགས་ཀྱི་སྐྱེལ་འདྲེན་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། 2022ལོའི་ཁུལ་ཡོངས་ཀྱི་དཔྱིད་ཀའི་དུས་ཚིགས་ཀྱི་སྐྱེལ་འདྲེན་གྱི་དུས་བབ་ལ་དབྱི་ཞིབ་དང་བརྡར་ཤ་བཅད་དེ་དཔྱིད་ཀའི་དུས་ཚིགས་ཀྱི་སྐྱེལ་འདྲེན་ལས་ཀ་བཀོད་སྒྲིག་བྱས་ནས་དུས་བདེ་དང་གོ་རིམ་ལྡན་པའི་ངང་དཔྱིད་ཀའི་དུས་ཚིགས་ཀྱི་སྐྱེལ་འདྲེན་ལས་ཀ་ ལེགས་འགྲུབ་བྱུང་བར་འགན་ལེན་བྱས་པ་རེད།