国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྨི་ལམ་ཁུག་པ་ བཅུ་དགུ།

གངས་རིའི་འདབ་ལ་དཀྲིས་པས།།

ཡིད་ཀྱི་སྤང་ལ་བཀྲམས་པས།།

མེ་ཏོག་སྣ་བརྒྱ་འཛོམས་ནས།།

རྨི་ལམ་གཏིང་ལ་འཁོར་བྱུང་།།

ཆུང་གྲོགས་སྒྲོལ་མ་བསམ་ནས།།

སྤང་ལ་ཀི་གསུམ་བཏབ་ཡོད།།

ནགས་ཚལ་རབ་རིབ་ཁྲོད་ཀྱི།།

འཇོལ་མོ་འདྲོག་པ་མ་གནངས།།

མི་ཚེ་འདྲིས་མདོ་བཅུ་དགུ།།

ས་མཐའི་གྲོང་ལ་བསྙེགས་པས།།

ཕ་ཡུལ་གངས་ཀྱི་ར་བ།།

ཡིད་ནས་བརྗེད་པ་མ་བྱུང་།།

དྲིན་ཆེན་མ་ལོ་དྲན་ནས།།

གཉུག་མའི་མགུར་ཞིག་བླངས་ཡོད།།

ཆུང་གྲོགས་སྒྲོལ་མའི་ཕྱོགས་ལ།།

ཁ་མིན་ཚིག་གསུམ་སྐུར་ཡོད།།