国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྨོན་ཚིག

ཐོབ་ཤོར་བརྒྱ་སྟོང་གི་དཀའ་ངལ་འོག་ནས།

ང་ཚོས་ཤེས་རབ་ཀྱི་མེ་ལྕེ་ལ་རེག་དགོས།

གནམ་ས་གཅིག་ཏུ་འདྲེས་མཚམས་སུ་བལྟས་རྗེས།

ཧ་ཅང་ཁུ་སིམ་མེར་ལུས་པའི་ནམ་མཁའ་འདི་མཐོང་སྲིད།

དེ་དུས་ང་ཚོས་སྒྱུ་སྐར་གྱི་མང་ཉུང་དང་།

ཟླ་བའི་གསལ་ཚད་ལ་བལྟ་རྒྱུ་མིན་པར།

ཁོད་ཡངས་པའི་ནམ་མཁའི་དཀྱིལ་འཁོར་ལ་བལྟ་འོས།

དེ་ནི་ང་ཚོའི་རྟེན་འབྱུང་གི་མི་ལུས་གཡར་པོ་འདི་འང་།

དོན་དམ་པར་གུ་ཡངས་ཀྱི་གནས་མལ་ཞིག་ཡིན་པ་རྟོགས་ཐུབ།

གྲོགས་པོ་ལགས། ཁྱོད་རང་ལོ་ཟླའི་སྒལ་གཞུང་ནས།

ལྷིང་འཇགས་ཀྱི་གནས་མལ་འཚོལ་འདོད་ན།

ཚེ་རབས་ཀྱི་འབྱུང་ཁུངས་དང་།

ལས་དབང་གི་རྗེས་འབྲེལ་ལ་བསམ་གཞིག་གཏང་རོགས།

ངས་འདི་ནས་དྲི་ཞིམ་གྱི་ལོ་མ་དེ་དག་ཁྱོད་ཀྱི་ཐོག་

ཏུ་རེ་རེ་ཟེགས་པར་སྨོན།

དེ་ནི་དོན་དམ་པའི་བདེ་སྐྱིད་ཅིག་ཡིན་ཚོད་འདུག།

༼ ལྡེའུ་ནག ༽