国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་གྱི་རི་བོའི་གངས་འཁྱག་ཉམས་སུ་མྱོང་། དར་མདོ་ལ་ཉི་འོད་དྲོན་པོ་མདུན་དུ་བསུ།

ཁ་བས་གཡོགས་པའི་མདོ་གྲོང་།

གངས་འཁྱག་ཁྲོད་ཀྱི་རྒྱུ་ལ།

མི་རྒོད་མཚོ།

རབ་དཀར་ཁ་བ་བཀླུབས་པའི་བོད་གྲོང་།

2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་གྲབས་ཡོད་པའི་སྐབས་སུ། སི་ཁྲོན་ཞིང་ཆེན་གྱིས་སི་ཁྲོན་རི་བོའི་གངས་འཁྱག་ལ་ལྟ་སྐོར་དང་། ཉི་འོད་ལོངས་སུ་སྤྱོད་པའི་དགུན་དུས་ཡུལ་སྐོར་བྱེད་སྟངས་ཁྱོན་ཡོངས་ནས་བཏོད་ཡོད། དམངས་ཡོངས་ཧུར་ཐག་ཞུགས་པ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་མ་བྱས་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གྱིས་ས་གནས་དེ་གའི་གངས་འཁྱག་ལ་ལྟ་སྐོར་དང་ཉི་འོད་འོག་ཏུ་ཡུལ་སྐོར་བྱེད་པའི་ཐོན་ཁུངས་ཀྱི་ལེགས་ཆ་ཆེན་པོ་གཉིས་ལ་བརྟེན་ནས་སི་ཁྲོན་གྱི་རི་བོའི་གངས་འཁྱག་ཉམས་སུ་མྱོང་། དར་མདོའི་ཉི་འོད་དྲོན་པོ་མདུན་དུ་བསུ་ཞེས་པའི་དགུན་དུས་དར་མདོར་ཡུལ་སྐོར་བྱེད་པའི་བྱེད་སྒོ་ཆེད་དུ་སྤེལ། དགུན་དུས་དར་མདོར་ཡུལ་སྐོར་བྱེད་པའི་ལམ་ཐིག་རྩེ་གྲ་དང་། སྒོ་འཛིན་དང་ཞག་སྡོད་བྱེད་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་དྲིན་ལན་འཇལ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་སྤྱི་ཟླ12པའི་ཚེས13ཉིན་ནས2022ལོའི་སྤྱི་ཟླ3པའི་ཚེས28ཉིན་བར་དར་མདོ་གྲོང་ཁྱེར་མི་རྒོད་མཚོ་མཛེས་ལྗོངས་ཁུལ་གྱིས་མི་སྒེར་གྱི་སྒོ་འཛིན་གྱི་རིན་གོང་ཕྱེད་ཀ་འཕྲི་རྒྱུ་དང་། ཚོགས་པའི་སྒོ་འཛིན་གྱི་རིན་གོང་ཕྱེད་ཀ་འཕྲི་རྒྱུ།

དར་མདོ་གནས་མཆོག་མི་ཉག་གིས་མི་སྒེར་གྱི་སྒོ་འཛིན་རིན་གོང་ཕྱེད་ཀ་འཕྲི་རྒྱུ་དང་ཚོགས་པའི་སྒོ་འཛིན་ལ་རིན་པ་མི་དགོས་པ། ལྟ་སྐོར་རླངས་འཁོར་གླ་རིན(མི་རེར་སྒོར60ཡིན)། གཟིགས་སྐྱོང་སྲིད་ཇུས་ཀྱིས་དར་མདོའི་ས་ཁོངས་ནང་གིA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རྩ་ཆག་གཏོང་རྒྱུ་ཡིན་པ། ཞག་སྡོད་ཐད་དར་མདོ་གྲོང་ཁུལ་གྱི་མགྲོན་ཁང་དུ་རིན་གོང་བརྒྱ་ཆ6.5བཅག་ནས་གཟིགས་སྐྱོང་བྱེད་ཀྱི་ཡོད་ཅེས་པའི་མངོན་བསྒྲགས་ཡི་གེ་བཀལ་ཡོད་པ་རེད།

དར་མདོའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་གསུམ་གཙོ་གནད་ཐོག་འོས་སྦྱོར་བྱས་པ་སྟེ། གངས་འཁྱག་ལ་རྩེད་བ་དང་ཉི་འོད་ལོངས་སུ་སྤྱོད་ཅེས་པའི་དགུན་དུས་དར་མདོའི་རྒྱལ་མོ་རྔུལ་ཆུའི་ཁམས་གསོ་སྤྲོ་གསེང་ཡུལ་སྐོར་དང་། “གངས་འཁྱག་ལ་བརྩེ་བ་དང་། ཆུ་ཚན་ལ་རོལ་བ”ཞེས་པའི་དགུན་དུས་ཀྱི་གངས་འཁྱག་ཆུ་ཚན་ཡུལ་སྐོར། “གངས་འཁྱག་ལ་བརྩེས་ནས། འཆར་ཡན་ལ་མྱོང་རོལ་བྱེད་པའི་ཡུལ་སྐོར་བཅས་ཡུལ་སྐོར་སྣ་མང་དང་ལམ་ཐིག་གང་ལ་གང་འཚམ་ཡོད་པས་ཡུལ་སྐོར་མི་འདྲ་བར་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ།

དར་མདོ་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མི་རྒོད་མཚོ་དང་། གནས་མཆོག་མི་ཉག། གངས་དཀར་རི་བོ། བཞག་བྲ་གངས་རི། འཛམ་གླིང་ཐོག་གི་ཀལ་འགྱུར་རྦབ་ཆུ་ཆེ་ཤོས་ཀྱི་གྲམ་ཐང་། རྒྱལ་ཡོངས་ཀྱི་ཆུ་ཚན་ཡག་པོ་བཅུའི་ནང་ཚན་བུ་རྫི་ཆུ་ཚན། མཛེས་སྡུག་ལྡན་པའི་ཡུལ་ལྗོངས། སྤྲོ་སྐྱིད་ལྡན་པའི་ཉི་འོད། གང་སར་གཡང་གི་ཁ་བ་བབས། རིག་གནས་ཕུན་སུམ་ཚོགས་པ་བཅས་མཉམ་དུ་འདུས་ཡོད།

( ཡེ་ཤེས་ཀྱིས་བསྒྱུར།)