ཅང་ཞི་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་ལིའུ་ཀུང་མའོ་གྲོང་རྡལ་གྱི་ཞིང་པས་འཕྲུལ་ཆས་ཀྱིས་ཞིང་རྨོད་བཞིན་པའི་ཚུལ།
ཡུན་ནན་ཞིང་ཆེན་ཆུན་ཅིན་གྲོང་ཁྱེར་ཆིས་ལུའི་ཁུལ་གྱི་ལག་རྩལ་མི་སྣས་ས་ཞིང་བདེ་ཁོད་སྙོམ་བཞིན་པའི་ཚུལ།
ཨན་ཧུན་ཞིང་ཆེན་ལུའུ་ཅང་རྫོང་པའེ་ཧུའུ་གྲོང་རྡལ་གྱི་ཞིང་པས་གྲོའི་གནོད་འབུ་འགོག་བཅོས་བྱེད་བཞིན་པའི་ཚུལ།
ཀུའེ་ཀྲོའུ་ཞིང་ཆེན་ཧྥུང་ཀང་རྫོང་ཐུའུ་ཞི་གྲོང་རྡལ་གྱི་ཞིང་པས་མི་མེད་གནམ་གྲུ་བཏང་ནས་ཞིང་སྨན་གཏོར་བཞིན་པའི་ཚུལ།
ཞིང་པས་ཅང་སུའུ་ལི་ཤ་ཧའོ་ས་ཁུལ་གྱི་ཞིང་ལས་ཚན་རིག་ཁང་གི་ཚོད་ལྟའི་ཞིང་ནང་དུ་ལས་ཀ་བྱེད་བཞིན་པའི་ཚུལ།
སི་ཁྲོན་ཀའོ་ཨན་གྲོང་ཁྱེར་ལུན་ཧྲུའུ་རྫོང་ཧྲེན་ཧྲེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་མི་སྣས་ཞིང་ལ་འགྱིག་ཤོག་འགེབས་བཞིན་པའི་ཚུལ།
ད་ཆར། དཔྱིད་མགོ་ཚུགས་པའི་དུས་དང་བསྟུན་ནས་རང་རེའི་རྒྱལ་ཁབ་ཀྱི་མཚོ་འཕགས་དམའ་བའི་ས་གནས་ཁག་ཏུ་སོ་ནམ་ལས་ཀ་སྤེལ་བའི་དུས་དང་འཁེལ་བ་དང་། ས་གནས་ཁག་གིས་ཞིང་པས་ཞིང་ལས་ཀྱི་གྲ་སྒྲིག་ལས་ཀ་དང་དཔྱིད་རྨོད་ལས་དོན་ཧུར་ཐག་གིས་སྤེལ་བཞིན་ཡོད་ལ། ཞིང་དང་མུ་ཁ་ཀུན་ཏུ་སོ་ནམ་ལས་ལ་བྲེལ་བའི་རྣམ་པས་ཁེངས་བཞིན་ཡོད།